བསྟོད་ཚིག་ཉི་ཟླའི་རོལ་མོ།
赞美之歌
གཞས་ཚིག གོ་གསོས་སྨན།
歌词:果苏曼
གཞས་དབྱངས། ཁ་བ་དོན་འགྲུབ།
歌曲:卡瓦东智
གཞས་པ། ཁ་བ་དོན་འགྲུབ།
演唱:卡瓦东智
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
རང་སེམས་དབྱར་གཞུང་ཚེས་པའི་དབུས་ན།
我心欢愉的盛夏之际
དད་གསུམ་པད་དཀར་འཛུམ་པའི་གདན་ལ།
盛开在信仰的莲花之间
ཐུགས་བསྐྱེད་དུས་སུ་བབ་པའི།
正是立志的时机
འཕྲིན་ལས་ཚན་ཁ་འབར་བའི།
正是佛业上升的时候
ངའི་སེམས་ཀྱི་སྐྱེས་མཆོག་སྤྲུལ་པའི་སྐུ།
我心中的贤者转世化身
ངའི་ཡིད་ཀྱི་ལྷ་མཆོག་ཐུགས་རྗེ་ཅན།
我心中的神圣慈悲者
ལས་ཅན་སྐྱེས་བུ་ཆེན་པོ།
掌握命运的圣贤
ས་གསུམ་འགྲོ་བའི་སྐྱབས་གནས།
三地众生的护佑者
བརྩེ་ཆེན་ཐུགས་རྗེའི་བྱིན་རླབས་དྲོད་ལམ་ལམ།
慈悲大爱的加持暖洋洋
བསྐྱེད་རྫོགས་ཏིང་འཛིན་ཉམས་མགུར་སྙན་ལྷང་ལྷང་།
升满禅定的道歌响亮亮
མཆོག་སྤྲུལ་ལགས། ཁྱེད་ནི།
转世啊 你是
དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་ཚབ་ཡིན།།
三世佛王身语意的代表;
ཕ་མ་རྒན་རབས་སེམས་ཀྱི་སངས་རྒྱས་ཡིན།
父母长辈是心中的释迦佛。
བདག་ཅག་གདུལ་བྱའི་མགོན་དུ་རྟག་བཞུགས་ནས།
常佑我等膜拜者,
འཕྲིན་ལས་ཉི་ཟླའི་གཟི་མདངས་མི་ཉམས་ཤོག
但愿佛业不失风采。
ཡིད་སེམས་དངུལ་དཀར་མེ་ལོང་ནང་ན།
我心明亮银镜中
དད་གུས་གསེར་གཡུས་ཤན་པའི་དཀྱིལ་ན།
金玉信仰镶其表
ཆོས་རིགས་ཉི་ཟླ་ཤར་བའི།
升起福地的福祉
ཕན་བདེའི་འོད་སྣང་འབར་བའི།
利众的光芒照四方
ངའི་སེམས་ཀྱི་དག་ཞིང་དྲུང་རམས་དགོན།
我心中的净地众冉寺
ངའི་ཡིད་ཀྱི་མཆོད་གནས་དྲུང་རམ་དགོན།
我心中的圣地众冉寺
སྨིན་གྲོལ་ལུང་གི་ཕ་ཁྱིམ།
敏卓林的故土
ངེས་དོན་ཆོས་པའི་བཞུགས་གནས།
了意者福地的住所
ལུང་རྟོགས་བསྟན་པའི་གཟི་མདངས་འོད་ལམ་ལམ།
教证福祉的光辉明晃晃
དམར་སེར་འདུས་པ་རྒྱ་མཚོ་ལྷོད་ཤིག་ཤིག
红黄教徒如海洋平静静
ཆོས་སྡེ་ལགས། ཁྱེད་ནི།
福地啊 你是
ཕ་ཡུལ་མེ་ཏོག་ཚལ་གྱི་མཛེས་རྒྱན་ཡིན།
家乡鲜花园之宝饰。
ཕུ་ནུ་མིང་སྲིང་སེམས་ཀྱི་མཆོད་གནས་ཡིན།
兄弟姊妹心中的宝地。
ས་གསུམ་སྐྱེ་འགྲོའི་མགོན་དུ་རྟག་བརྟན་ནས།
三生众生之护佑。
ཐོས་བསམ་སྒོམ་པའི་འཕྲིན་ལས་མི་ཉམས་ཤོག
但愿修行佛业不衰败!