བསམ་གྲུབ་ཆོས་སྡིངས།
ཚིག འཇམ་དབྱངས་རྒྱལ་མཚན།
གདངས དམངས་གཞས།
གཞས་པ། གཙང་པ་ནོར་བུ།
ཤར་ཕྱོགས་པོ་ཏ་ལ་དང་། །
ནུབ་ཕྱོགས་བདེ་ཆེན་ཕོ་བྲང་། །
ཨ་སོའོ་་་་་་ཡ་ལ།
ཕོ་བྲང་གཉིས་ཀྱི་བར་ལ། །
འབྲུག་དགོན་བསམ་གྲུབ་ཆོས་སྡིངས། །
སོ་ཐར་ཚུལ་ཁྲིམས་གཙང་ལ། །
དྲི་བཟང་ཕྱོགས་བཅུར་ཁྱབ་པ། །
ཨ་སོའོ་་་་་་ཡ་ལ།
སྐྱེས་ཆེན་བློ་གྲོས་དཔལ་ལྡན། །
མཛད་རྣམ་སྐྱོང་བའི་ས་ཆ། །
དད་གསུམ་ཐལ་མོ་སྦྱར་ནས། །
སྐྱབས་སུ་ཁོང་ལ་བཅོལ་ཡོད། །
ཨ་སོའོ་་་་་་་ཡ་ལ།
བདག་ཅག་འགྲོ་བའི་ཁྱོན་ལ། །
བདེ་འགྲོའི་ལམ་སྟོན་གནང་བྱུང་། །
འབྲུག་དགོན་བསམ་གྲུབ་ཆོས་སྡིངས། །
སྔར་ལས་དར་ཞིང་རྒྱས་པ། །
ཨ་སོའོ་་་་་་ཡ་ལ།
སྐྱེས་ཆེན་བློ་གྲོས་དཔལ་ལྡན། །
མཛད་འཕྲིན་ཕེལ་བའི་བཀྲ་ཤིས། །
ཨ་སོའོ་་་་་་ཡ་ལ།
སྐྱེས་ཆེན་བློ་གྲོས་དཔལ་ལྡན། །
མཛད་འཕྲིན་ཕེལ་བའི་བཀྲ་ཤིས། །
མཛད་འཕྲིན་ཕེལ་བའི་བཀྲ་ཤིས། །