作曲 : 次仁拉吉TseringLucky/高磊
编曲 : 余文飞/次仁拉吉TseringLucky
和声伴唱:余文飞、林霞、吾金拉姆、蒙萨·平措诺布、嘎玛
牧歌演唱:新牧人组合
录音:小巩、小凡(西藏兄弟影音录音室)
混音、母带:余文飞@飞石号
ཅང་ཤེས་རྟ་ཕོ་རྩྭ་ཐང་སྟེང་ལ་རྒྱུགས།
དེ་ནི་ང་ཚོའི་བརྩོན་འགྲུས་མཚོན་བྱེད་ཡིན།
ཐང་དཀར་རྒོད་པོས་ནམ་འཕངས་བཅད་ནས་འཕུར།
དེ་ནི་ང་ཚོའི་བློ་རྒྱ་མཚོན་པ་ཡིན།
རྩྭ་ཐང་སྟེང་ནས་འཚར་བའི་འབྲོག་ཕྲུག་ཚོས།
ཨ་ཁུ་འབྲོག་པའི་གཏམ་རྒྱུད་ཡིད་ལ་བཅངས།
ཤ་མར་ཐུད་ཀྱི་བྲོ་བ་མངར་བསིལ་ལྡན།
ང་ཚོའི་དཔའ་དང་སྟོབས་ཤུགས་རྒྱས་སོང།
གླུ་ཨ་ལ་ཐ་ལ་ལ་མོ་ང་ཚོས་མཉམ་དུ་ལེན།
གེ་སར་རྒྱལ་པོའི་གཏམ་རྒྱུད་ང་ཚོས་མཉམ་དུ་བཤད།
གླུ་ཨ་ལ་ཐ་ལ་ལ་མོ་ང་ཚོས་མཉམ་དུ་ལེན།
ཕུགས་བསམ་ལམ་ལ་ནམ་ཡང་འབད་བརྩོན་ལྷོད་མེད།
ཁྱེད་དང་ཁོང་དང་ང་དང་ང་ཚོ་ཚང་མས།
མཛེས་པའི་རྩྭ་ཐང་ཆེད་དུ་མཉམ་དུ་ཤུགས་རྒྱོབ།
ཅང་ཤེས་རྟ་ཕོ་རྩྭ་ཐང་སྟེང་ལ་རྒྱུགས།
སྙན་པའི་འཚེར་སྒྲ་གངས་རིའི་ཡུལ་ལ་གྲགས།
གཡང་དཀར་ལུག་གི་བལ་ནི་དཀར་བ་ལ།
དེ་ནི་ང་ཚོའི་སེམས་པ་མཚོན་བྱེད་ཡིན།
རྩྭ་ཐང་སྟེང་ནས་འཚར་བའི་འབྲོག་ཕྲུག་ཚོས།
ཨ་ཁུ་འབྲོག་པའི་གཏམ་རྒྱུད་ཡིད་ལ་བཅངས།
ཤ་མར་ཐུད་ཀྱི་བྲོ་བ་མངར་བསིལ་ལྡན།
ང་ཚོའི་དཔའ་དང་སྟོབས་ཤུགས་རྒྱས་སོང།
གླུ་ཨ་ལ་ཐ་ལ་ལ་མོ་ང་ཚོས་མཉམ་དུ་ལེན།
གེ་སར་རྒྱལ་པོའི་གཏམ་རྒྱུད་ང་ཚོས་མཉམ་དུ་བཤད།
གླུ་ཨ་ལ་ཐ་ལ་ལ་མོ་ང་ཚོས་མཉམ་དུ་ལེན།
ཕུགས་བསམ་ལམ་ལ་ནམ་ཡང་འབད་བརྩོན་ལྷོད་མེད།
ཁྱེད་དང་ཁོང་དང་ང་དང་ང་ཚོ་ཚང་མས།
མཛེས་པའི་རྩྭ་ཐང་ཆེད་དུ་མཉམ་དུ་ཤུགས་རྒྱོབ།
གླུ་ཨ་ལ་ཐ་ལ་ལ་མོ་ང་ཚོས་མཉམ་དུ་ལེན།
གེ་སར་རྒྱལ་པོའི་གཏམ་རྒྱུད་ང་ཚོས་མཉམ་དུ་བཤད།
གླུ་ཨ་ལ་ཐ་ལ་ལ་མོ་ང་ཚོས་མཉམ་དུ་ལེན།
ཕུགས་བསམ་ལམ་ལ་ནམ་ཡང་འབད་བརྩོན་ལྷོད་མེད།
ཁྱེད་དང་ཁོང་དང་ང་དང་ང་ཚོ་ཚང་མས།
མཛེས་པའི་རྩྭ་ཐང་ཆེད་དུ་མཉམ་དུ་ཤུགས་རྒྱོབ།