作词 : 奥金才让
作曲 : 扎西加
རྫ་ཟུར་གསུམ་རྩེ་མོ་དགུང་ལ་ཟུག
སྤྲིན་དཀར་དམར་སྨུག་ཆུང་ཐོད་ལ་བཟུང་།
ཤ་ཡུ་མོ་སྟོང་གི་བརྩེ་འཇོ་རོལ།
གན་བ་ཡུན་དགྲ་འདུལ་སྟོབས་ལྡན་རེད།
ཤ་ཡུ་མོ་སྟོང་གི་བརྩེ་འཇོ་རོལ།
གན་བ་ཡུན་དགྲ་འདུལ་སྟོབས་ལྡན་རེད།
གཡུ་སྔོན་མོ་མེ་ལུང་ས་ལ་འཁྱིལ།
བྱ་འདབ་ཆགས་མང་བོ་སྐད་སྙན་སྒྲོགས།
ཉ་གསེར་མིག་སྟོང་གི་འཁྱུག་རྩལ་ངོམས།
གན་བླ་མཚོ་ཁྲི་ཤོར་རྒྱལ་མོ་རེད།
ཉ་གསེར་མིག་སྟོང་གི་འཁྱུག་རྩལ་ངོམས།
གན་བླ་མཚོ་ཁྲི་ཤོར་རྒྱལ་མོ་རེད།
སྡེ་འཚོ་བའི་ལོངས་སྤྱོད་ཀླུ་ལ་འགྲན།
རྟ་ནོར་ལུག་སྐར་ཚོགས་ས་ལ་ཤར།
ཕྱུག་རྫི་བོའི་དབྱངས་སྙན་མཁའ་ལ་ཁྱབས།
གན་ནོར་འཛིན་གཡང་འཛོམས་ཕྱུག་མོ་རེད།
ཕྱུག་རྫི་བོའི་དབྱངས་སྙན་མཁའ་ལ་ཁྱབས།
གན་ནོར་འཛིན་གཡང་འཛོམས་ཕྱུག་མོ་རེད།
ཕྱུག་རྫི་བོའི་དབྱངས་སྙན་མཁའ་ལ་ཁྱབས།
གན་ནོར་འཛིན་གཡང་འཛོམས་ཕྱུག་མོ་རེད།