作词 : 民间
作曲 : 民间
ཐུག་གཞུང་བརྒྱུད་དྲང་བའི་གདོང་དམར་བ།
ནང་མཐུན་སྒྲིལ་གསེར་གྱི་ཨ་ལོང་ཡིན།
བྱམས་སྙིང་རྗེ་བོད་མིའི་གཟི་བརྗིད་ཡིན།
སེམས་རྣམ་དག་ཆོས་ལ་འཁོར་ནས་ཡོད།
ལག་སྨྱུག་གི་འཛིན་པའི་སློས་ཕྲུག་ཚོ།
སྐད་ཡི་གེ་བོད་མའི་བླ་སྲོག་ཡིན།
དབྱངས་གསལ་བྱེད་མུན་སེལ་སྒྲོལ་མེ་ཡིན།
བློ་རིག་པའི་གནས་ལ་སྦྱོང་བ་གྱི།
ལུས་ལང་ཚོ་དར་བའི་ཕོ་མོ་ཚོ།
དྲིན་ཕ་མ་བྱམས་ཀྱི་བདག་གཉེར་ཡིན།
ལོ་རྒས་དུས་འཇམ་པོ་ཚིག་གི་གཅེས།
སྐྲ་དཀར་དུས་ཁྲ་ཆུང་མིག་གི་འཚོས།
ལུས་ལང་ཚོ་དར་བའི་ཕོ་མོ་ཚོ།
དྲིན་ཕ་མ་བྱམས་ཀྱི་བདག་གཉེར་ཡིན།
ལོ་རྒས་དུས་འཇམ་པོ་ཚིག་གི་གཅེས།
སྐྲ་དཀར་དུས་ཁྲ་ཆུང་མིག་གི་འཚོས།
སྐྲ་དཀར་དུས་ཁྲ་ཆུང་མིག་གི་འཚོས།