编曲 : 曲培藏歌精选
འཇམ་དཔལ་དབྱངས།
གཞས་ཚིག བཀྲ་ཤིས་སེང་གེ
དབྱངས་རྟ། ཨ་ནུ་རིང་ལུགས་པ་ཡག
ལེན་མཁན། ཨ་ནུ་རིང་ལུགས་པ་ཡག
གླུ་དབྱངས་ཁྱབ་སྤེལ། ཨོ་རྒྱན་ཆོས་འཕེལ།
དུས་གསུམ་རྒྱལ་བའི་རང་གཟུགས།།
གཞོན་ནུའི་རྣམ་པར་རོལ་བའི།།
འཇམ་དབྱངས་ཤེས་རབ་ཉི་མ།།
བདག་བློའི་མུན་པ་སེལ་རོགས།།
ཨེ་མ། ཤེས་རབ་ཀྱི་ལྷ་མཆོག
སེམས་ལ་འོད་ཅིག་གནང་རོགས།
འོད་ལ་མདངས་ཤིག་བསྩལ་རོགས།
ཨོཾ་ཨ་ར་པ་ཙ་ན་དྷཱི།
ཨོཾ་ཨ་ར་པ་ཙ་ན་དྷཱི།
ཨོཾ་ཨ་ར་པ་ཙ་ན་དྷཱི།
གསུང་དབྱངས་ཡན་ལག་དྲུག་ཅུས།།
མ་རིག་གཉིད་ལས་སློང་བའི།།
འཇམ་དཔལ་ངག་གི་དབང་ཕྱུག།
ངག་ལ་དངོས་གྲུབ་སྩོལ་རོགས།།
ཨེ་མ། ངག་རིག་གི་དབང་ཕྱུག
ངག་ལ་དབྱངས་ཤིག་གནང་རོགས།
དབྱངས་ལ་སྙན་ཞིག་སྩོལ་རོགས།
ཨོཾ་ཨ་ར་པ་ཙ་ན་དྷཱི།
ཨོཾ་ཨ་ར་པ་ཙ་ན་དྷཱི།
ཨོཾ་ཨ་ར་པ་ཙ་ན་དྷཱི།