编曲 : 曲培藏歌精选
ཟླ་བ་གཡང་འཛོམས།
གཞས་ཚིག རྨ་ཆུའི་སྙུག་འཛིན་པ།
གཞས་དབྱངས། ཁོ་ཚེ་དཔལ་ལྡན།
ལེན་མཁན། ཏཱ་རེ་སྐྱིད།
གླུ་དབྱངས་སྒྲོག་འདོན། ཆོས་འཕེལ་འཕྲིན་སྟེགས་ལས་སྒྲུབ་ཁང།
ལོ་ཟླ་ཡུན་གྱིས་འདས་པའི་ཞེ་འདང་རིང་མོ། །
ན་ཚོད་གཞོན་པའི་དུས་ཀྱི་མཛའ་བརྩེ་ཡིན་སོང་། །
སེམས་སོང་སྙིང་གི་བུ་མོ་ཟླ་བ་གཡང་འཛོམས། །
དུང་ཞེན་ལུག་ཆུང་འཚོ་བའི་འབྲོག་རུའི་བུ་མོ། །
ཨོ་ཡེ་ཡེ་་་ཆུང་འདྲིས་རོགས་་་ཡེ་་སྙིང་གི་མི།
ཡིད་འཛིན་དྲན་པའི་ངོས་ན་ཁྱེད་རང་བརྗེད་མེད། །
སྲོད་ཁའི་བསིལ་རླུང་ལྡང་བའི་ཕྱི་དྲོ་དེ་ལ། །
ཉི་མ་ནུབ་རིར་ཡིབས་པའི་སྡེ་མཐའ་ཤིག་ན། །
ནམ་འཕྲད་རེ་སྒུག་ཀློང་གི་ཟླ་བ་གཡང་འཛོམས།
གཙང་ཆུ་ལྷོད་ཀྱིས་བཞུར་བའི་འགྲམ་ནས་ཐུག་སོང་།།
ཨོ་ཡེ་ཡེ་་་་་་་ཆུང་འདྲིས་རོགས་་་་་ཡེ་་་སྙིང་གི་མི།
བརྩེ་འདང་འདབ་མའི་ཁུགས་ན་ཁྱེད་རང་ལུས་མེད།
དར་རྒུད་རེས་སུ་འཁོར་བའི་སྡེ་ལུང་ཞིག་ནས།
ནང་སེམས་སྨྲེང་ནས་ཐག་རིང་ཡུལ་ལ་ལྟ་དུས།
ལས་འཕྲོའི་དམ་ཚིག་སྲུང་བའི་ཟླ་བ་གཡང་འཛོམས།
སྨུག་པ་ལང་ལོང་ཁྲོད་ཀྱི་མཛའ་གཞས་སྙན་མོ།
ཨོ་ཡེ་ཡེ་་་་་་ཆུང་འདྲིས་རོགས་་་་་་ཡེ་་་སྙིང་གི་མི།
མཛའ་གཅུགས་རོལ་མོའི་དབྱངས་ན་ཁྱེད་རང་བོར་མེད།
ཨོ་ཡེ་ཡེ་་་་་་ཆུང་འདྲིས་རོགས་་་་་་ཡེ་་་སྙིང་གི་མི།
མཛའ་གཅུགས་རོལ་མོའི་དབྱངས་ན་ཁྱེད་རང་བོར་མེད།