编曲 : 曲培藏歌精选
བརྩེ་གླུ།
གཞས་ཞིག བསྟན་འཛིན་སེང་གེ
གཞས་གདངས། འཕུར་བསྐྱོད།
གཞས་པ། འཕུར་བསྐྱོད།
ཡིག་སྦྱོར། ཆོས་འཕེལ།
སྒྲ་ལེན་དང་སྒྲ་སྙོམ་སྒྲིགས། ཚེ་རིང་གྲགས་པ།
ཞེ་མཐུན་སྙིང་གྲོགས་ལ་ཕུལ་བའི།།
མཛའ་བརྩེའི་ཕྱི་ཐག་དེ་བརྟན་ཡོད།།
ཁྱེད་དང་འུ་གཉིས་ཀྱི་དམ་ཚིག།
སྲིད་པ་ཆགས་པ་ཡི་དཔེ་ཡིན།།
ལས་དབང་སྟོང་ཚོ་ཡིས་བསྐྲུན་ཞིང་།།
འཚོ་བ་ཁྲི་ཕྲག་གིས་ཟིན་པའི།།
ཁྱེད་དང་འུ་གཉིས་ཀྱི་གཏམ་རྒྱུད།།
འཇིག་རྟེན་སྲིད་པ་ཡི་རྒྱན་ཡིན།།
དགའ་སྐྱོ་ཁྲི་འབུམ་གྱི་ཀློང་ནས།།
དར་རྒུད་བརྒྱ་སྟོང་གིས་བྲིས་པའི།།
ཁྱེད་དང་འུ་གཉིས་ཀྱི་ལས་དབང་།།
འཇིག་རྟེན་བརྩེ་སྒྲུང་ཞིག་ཡིན་སོང་།།
རེ་འདུན་མཆོག་གསུམ་ལ་བཅོལ་བས།།
བསམ་པའི་ཁ་ཕྱོགས་དེ་ནོར་མེད།།
ངེས་མེད་མི་ཚེ་ཡི་བརྒྱུད་རིམ།།
ཐོད་པའི་རི་མོ་ཡིས་གང་བསྐོས།།
曲培文化宣传