作词 : 牧羊可可西里
作曲 : 索昂兰珠
དྲིན་ཕ་ལོ་ཁྲི་གདུགས་ཉི་མ།།
དྲིན་མ་ལོ་སྲིད་པའི་དུང་ཟླ།།
ནང་བུ་སྲིང་མི་འགྱུར་སྐར་ཚོགས།།
སྐྱིད་ཟེར་ལེ་བཟའ་མི་མགོ་འཛོམས།།
ཨོ།ཡ་ལ་ནས་བསྭོ།
ནང་བུ་སྲིང་མི་འགྱུར་སྐར་ཚོགས།།
སྐྱིད་ཟེར་ལེ་བཟའ་མི་མགོ་འཛོམས།།
དྲིན་ཕ་ལོ་རྫ་རི་ལྷུན་པོ།།
དྲིན་མ་ལོ་རྫ་ཆབ་བསིལ་མ།།
ནང་བུ་སྲིང་བྲེ་སེར་འབྲོང་ཁྱུ།།
སྐྱིད་ཟེར་ལེ་བཟའ་མི་མགོ་འཛོམས།།
ཨོ།ཡ་ལ་ནས་བསྭོ།
ནང་བུ་སྲིང་བྲེ་སེར་འབྲོང་ཁྱུ།།
སྐྱིད་ཟེར་ལེ་བཟའ་མི་མགོ་འཛོམས།།
དྲིན་ཕ་ལོ་གཡུ་འབྲུག་སྔོན་མོ།།
དྲིན་མ་ལོ་སྦྲང་་ཆར་ཟིལ་མ།།
ནང་བུ་སྲིང་ཡར་སྐྱེས་མེ་ཏོག།
སྐྱིད་ཟེར་ལེ་བཟའ་མི་མགོ་འཛོམས།།
ཨོ།ཡ་ལ་ནས་བསྭོ།
ནང་བུ་སྲིང་ཡར་སྐྱེས་མེ་ཏོག།
སྐྱིད་ཟེར་ལེ་བཟའ་མི་མགོ་འཛོམས།།
ཨོ།ཡ་ལ་ནས་བསྭོ།
ནང་བུ་སྲིང་ཡར་སྐྱེས་མེ་ཏོག།
སྐྱིད་ཟེར་ལེ་བཟའ་མི་མགོ་འཛོམས།།
སྐྱིད་ཟེར་ལེ་བཟའ་མི་མགོ་འཛོམས།།