སྐྱིད་པའི་རྩེད་གླུ།
ཚིག དབྱངས་བཞི་པདྨ་ཚེ་བརྟན།
词:央希完玛才旦
དབྱངས། དབྱངས་བཞི་པདྨ་ཚེ་བརྟན།
曲:央希完玛才旦
ལེན་མཁན། གངས་མགོན་རྒྱལ།
演唱:岗贡加
ང་ནི་རྩེད་རྩེད། ཁྱོད་ནི་རྩེད་རྩེད།
ལབ་རྩེ་བསྟོད་བཞིན།
རླུང་རྟ་བསྐུར་བཞིན།
ཁ་བཏགས་འཐེན་བཞིན།
སྐོར་བྲོ་འཁྲབ་བཞིན་རྩེད།
ཁྲི་ཤོར་རྒྱལ་མོ་རྒྱང་བལྟ་བྱེད་བཞིན།
ང་ཚོ་ཚང་མ་དེ་རིང་རྩེད།
ཁྲི་ཤོར་རྒྱལ་མོ་རྒྱང་བལྟ་བྱེད་བཞིན།
ང་ཚོ་ཚང་མ་དེ་རིང་རྩེད།
ང་ནི་རྩེད་རྩེད། ཁྱོད་ནི་རྩེད་རྩེད།
པི་ཝང་དཀྲོལ་་བཞིན།
གླུ་ཆུང་ལེན་བཞིན།
མཆོད་མེ་འཇོག་བཞིན།
རྒྱུ་འབྲས་གླེང་བཞིན་རྩེད།
འོ་ཇ་མངར་མོའི་རིན་ཐང་གླེང་བཞིན།
མདོ་དབུས་ཁམ་གསུམ་དེ་རིང་རྩེད།
འོ་ཇ་མངར་མོའི་རིན་ཐང་གླེང་བཞིན།
མདོ་དབུས་ཁམས་གསུམ་དེ་རིང་རྩེད།