贡曲加-阿若
作词 : 民间
作曲 : 民间
སྟོད་ཡེ་ནས་བྱ་བརྒྱ་འཕུར་ཡོང་གདའ།
དེའི་ནང་ནས་ཁུ་བྱུག་མེད་གདའ་མོད།
བྱ་ཁུ་བྱུག་ཡོད་ན་ནོར་ས་མེད།
གསུང་སྙན་མོའི་འགྱུར་ཁུག་གཅིག་ལེ་མིན།
སྨད་ཡེ་ནས་རོགས་བརྒྱ་འཛོམས་འོང་གདའ།
དེའི་ནང་ནས་ཆུང་འདྲིས་མེད་གདའ་མོད།
རོགས་ཆུང་འདྲིས་ཡོད་ན་འདྲ་ལེ་མིན།
འཛུམ་སོ་དཀར་བསྟན་ཕྱོགས་གཅིག་ལེ་མིན།
སྟོད་ཡེ་ནས་བྱ་བརྒྱ་འཕུར་ཡོང་གདའ།
དེའི་ནང་ནས་ཁུ་བྱུག་མེད་གདའ་མོད།
བྱ་ཁུ་བྱུག་ཡོད་ན་ནོར་ས་མེད།
གསུང་སྙན་མོའི་འགྱུར་ཁུག་གཅིག་ལེ་མིན།
སྨད་ཡེ་ནས་རོགས་བརྒྱ་འཛོམས་འོང་གདའ།
དེའི་ནང་ནས་ཆུང་འདྲིས་མེད་གདའ་མོད།
རོགས་ཆུང་འདྲིས་ཡོད་ན་འདྲ་ལེ་མིན།
འཛུམ་སོ་དཀར་བསྟན་ཕྱོགས་གཅིག་ལེ་མིན།
འཛུམ་སོ་དཀར་བསྟན་ཕྱོགས་གཅིག་ལེ་མིན།