作词 : 戛尔白鹰
作曲 : 让兄多杰
བརྩེ་བ་ཨ་ལོང་ཡང་ལོང་།
གཞས་ཚིག། མགར་ཐང་དཀར། མཚོ་ལྷོ།
དབྱངས། རང་བྱུང་རྡོ་རྗེ།
གཞས་གཏོང་མཁན། ཡ་དེང་ཀུན་དགའ
ལས་བསྐོས་ཕུ་རུང་ནང་གི །
ཆུང་འདྲིས་མེ་ཏོག་ལྷ་མོ། །
ཤམ་ཤམ་སྐྲ་ལོ་ཡག་གི །
ལྡེམ་ལྡེམ་གོམ་སྟབས་ཡག་གི །
བྱུ་རུའི་ཕྲ་རྒྱན་ཁྱོད་ཡིན། །
གསེར་གྱི་གའུ་ཁྱོད་ཡིན། །
ཁ་ཚིག་ཀུ་རེའི་ནང་ན། །
བདེན་པའི་ཨ་ལོང་འགྲིག་ཡོད། ། ༼སྭོ། ཡ་ལ།༽
བློ་ཡི་འཆར་སྒོ་གསལ་གསལ། །
ཞལ་དཀར་འཛུམ་ཆུང་ཤིག་ཤིག །
ཆུང་འདྲིས་གཡི་ཆུང་དྲུག་དཀར། །
ཤ་དང་མཆིན་པའི་དྲོད་ཡིན། །
ལས་འཕྲོའི་ཁབ་མིག་ནང་ལ། །
སྨོན་པའི་རེ་འདུན་བརྒྱུས་ཡོད། །
ཁབ་མིག་ཟད་པ་མེད་ན། །
དར་སྐུད་འཆད་པའི་དཔེ་མེད། ། ༼སྭོ། ཡ་ལ།༽