作词 : 达吉次仁
作曲 : 次仁巴桑
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
ས་སྐྱིད་པོ་ནག་ཚང་ཉི་མའི་ཡུལ།
ནག་ཚང་ཉི་མ་ཞང་ཞུང་མེས་པོའི་ཡུལ།
སྟོད་ནས་རྟ་སྒོ་མཆེད་བདུན་བརྗིད་ཅིང་ཆགས།
བར་ན་དྭང་ར་གཡུ་མཚོ་དྭངས་ཞིང་གཙང་།
ཡུལ་ན་གནའ་བོའི་གཤོད་སྲོལ་སྙན་ཞིང་འཇིབས།
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
ས་སྐྱིད་པོ་ནག་ཚང་ཉི་མའི་ཡུལ།
ཕུ་ན་འབྲོང་ཆུང་བྲེ་སེར་སྤྲིན་ལྟར་འཁྲིགས།
བར་ན་ཁ་དཀར་རྐྱང་ཁྱུ་གློག་ལས་མྱུར།
མདོ་ན་གོག་པོ་གཙོད་ཀྱིས་རླུང་གཤོག་རྒྱས།
ཡུལ་ན་རི་དྭགས་སྣ་ཚོགས་དར་སྟབས་འཁྲབ།
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
ས་སྐྱིད་པོ་ནག་ཚང་ཉི་མའི་ཡུལ།
ཕུ་ན་འབྲོག་སྡེ་ཕྱུག་མོ་གཡང་རེ་ཆགས།
བར་ན་རྟ་ནོར་ལུག་གསུམ་འཕེལ་ཁ་བཟང་།
མདོ་ན་དཀར་དང་འོ་མའི་རྒྱ་མཚོ་འཁྱིལ།
ཁྱིམ་ན་ཤ་མར་ཐུད་ཀྱི་ལོངས་སྤྱོད་འཛོམས།
ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
ས་སྐྱིད་པོ་ནག་ཚང་ཉི་མའི་ཡུལ།
གོང་ན་ཏང་གི་དབུ་ཁྲིད་མཁས་མཛངས་ལྡན།
བར་ན་དབུལ་གྲོལ་འབྱོར་ཕྱུག་སྲིད་ཇུས་བཟང་།
མདོ་ན་འབྲོག་པའི་འཚོ་བ་སྐྱིད་ལ་རོལ།
སྐྱིད་པའི་ནག་ཚང་དགའ་བའི་གླུ་དབྱངས་ཕུལ།
མདོ་ན་འབྲོག་པའི་འཚོ་བ་སྐྱིད་ལ་རོལ།
སྐྱིད་པའི་ནག་ཚང་དགའ་བའི་གླུ་དབྱངས་ཕུལ།