༡ བསིལ་རླུང་གིས་ཁྱེར་བའི་སྡོང་ལོ་དག།
སུ་ཞིག་གི་རྨི་ལམ་དུ་འཕུར་བྱུང།
བརྗེད་མི་ཐུབ་པའི་མིག་ཟུང་དྭངས་མོ།
ཁྱོད་རང་གང་དུ་བཞུགས་ཡོད་དམ།
ཁྱོད་རང་བདེ་མོ་ཨེ་ཡིན་ལགས།
ཁྱོད་ཀྱིས་བརྗེད་ཡོད་དམ།
ང་ཡི་སློབ་གྲོགས།
སློབ་རའི་གྲུ་ཟུར་རེ་རེ་ན།
དྲན་པ་ལྷག་ཡོད།
བརྩེ་བ་ལུས་ཡོད།
ང་ཡི་སློབ་གྲོགས།
༢ དགའ་སྐྱོ་ཡིས་བྲིས་པའི་གཏམ་རྒྱུད་དེས།
སུ་ཞིག་གི་མིག་ཆུ་འཐུང་མྱོང་།
སྙིང་ཉེ་བའི་སེམས་ཀྱི་སྤུན་གྲོགས།
ཁྱོད་ཚོ་གང་དུ་བཞུགས་ཡོད་དམ།
ཁྱོད་ཚོ་བདེ་མོ་ཨེ་ཡིན་ལགས།
ཁྱོད་ཚོས་བརྗེད་ཡོད་དམ།
ང་ཡི་སློབ་གྲོགས།
སློབ་རའི་གྲུ་ཟུར་རེ་རེ་ན།
དགོད་སྒྲ་འཁྱིལ་ཡོད།
མིག་ཆུ་བཞུར་ཡོད།
ང་ཡི་སློབ་གྲོགས།
༣ རྒྱང་རིང་ལ་ཕྱོགས་པའི་རྨི་ལམ་དེ།
སུ་ཞིག་གི་སེམས་ནང་ལྷག་ཡོད།
སེམས་མཐུན་གྱི་ང་ཡི་སློབ་གྲོགས།
ཁྱོད་ཚོ་གང་དུ་བཞུགས་ཡོད་དམ།
ཁྱེད་ཚོ་བདེ་མོ་ཨེ་ཡིན་ལགས།
ཁྱོད་ཚོས་བརྗེད་ཡོད་དམ།
ང་ཡི་སློབ་གྲོགས།
སློབ་རའི་གྲུ་ཟུར་རེ་རེ་ན།
ཕྱིར་དྲན་ལུས་ཡོད།
དུང་བ་ལྷག་ཡོད།
ང་ཡི་སློབ་གྲོགས།
དུང་བ་ལྷག་ཡོད།
ང་ཡི་སློབ་གྲོགས།
...........
...........
...........