作词 : 嘎玛益西江村
གནམ་སྔོན་མོ་གཡུ་ཡི་མེ་ལོང་འོག།
ལུག་གཡང་དཀར་མུ་ཏིག་ཐང་ལ་བདལ།།
ས་སྐྱིད་པོ་ཚ་བ་སྤོམ་མདའ་རེད།།
འོ།
ཡུལ་གཡང་སྡེ་ཕྱུག་མོར་གཡང་རེ་འཕེལ།།
མཐོ་སྒང་པ་བོད་ལ་བཀྲ་རེ་ཤིས།།
ངའི་དྲིན་ཆེན་རྩ་བའི་བླ་མ་མཆོག།
རྗེ་བླ་མ་བློ་བཟང་རིན་ཆེན་ལགས།།
ཁྱེད་སྐུ་ཁམས་བདེ་བའི་སྨོན་ལམ་འདེབས།།
འོ།
སྐུ་མཐོང་བས་སེམས་པའི་ང་རྒྱལ་ཉིལ།།
གསུང་ཐོས་པས་ཡིད་ཀྱི་མུན་པ་སེལ།།
ངའི་དྲིན་ཆེན་རྩ་བའི་བླ་མ་མཆོག།
རྗེ་བླ་མ་བློ་བཟང་འགྱུར་མེད་ལགས།།
ཁྱེད་མྱུར་དུ་ཕེབས་པའི་སྨོན་ལམ་འདེབས།།
འོ།
ཤུལ་ལུས་པའི་ཉམ་ཆུང་འཁྱམ་པོ་ངས།།
ཁྱེད་དྲན་པའི་གདུང་བ་གླུ་རུ་ལེན།།