作词 : 藏歌行
作曲 : 藏歌行
编曲 : 藏歌行
作词/阿凯桑
དབྱངས། བློ་གསལ།
作曲/罗萨
演唱/贡曲杰&彭毛卓玛
歌词大意
སོར་མོའི་བར་གྱི་རོལ་མོ།།
རོལ་མོའི་ནང་གི་སྙན་མོ།།
སྒྲ་སྙན་བཀྲ་ཤིས་རྒྱལ་བོ།།
མེས་པོས་གནང་བའི་སྒྲ་སྙན།།
སྒྲ་ལ་རྩམ་དྲི་བྲོ་ཞིང་།།
གདངས་ལ་འོ་དྲི་འཐུལ་བའི།།
སེམས་ཁམས་སྟོང་གི་ལྟོགས་སྐོམ།།
སྒྲ་སྙན་རྒྱལ་བོས་སེལ་སོང་།།
རྒྱུད་སྐུད་དཀྲོལ་བའི་བར་ན།།
མདོ་དབུས་ཁམས་རོང་གྲག་པའི།།
སྒྲ་སྙན་བཀྲ་ཤིས་རྒྱལ་བོ།།
བོད་ཀྱི་སྤྱི་སྐད་སྙན་མོ།།
སྒྲ་ལ་བོད་སྐད་སིང་སེ།།
གདངས་ལ་དབྱངས་གསལ་ལྷང་ངེ་།།
གཉིད་དུ་ཡུར་བའི་རྣམ་ཤེས།།
སྒྲ་སྙན་རྒྱལ་བོས་དཀྲོགས་སོང་།།
རྒྱུད་སྐུད་ཕྲ་མོའི་ནང་ལ།།
སེམས་ཁམས་བརྒྱ་སྟོང་ཤོང་བའི།།
སྒྲ་སྙན་བཀྲ་ཤིས་རྒྱལ་བོ།།
རོལ་མོ་བརྒྱ་ཡི་ཡང་རྩེ།།
སྒྲ་ལ་གངས་རིའི་རང་སྒྲ།།
གདངས་ལ་གངས་རིའི་འགྱུར་ཁུགས།།
བོད་པ་སྟོང་གི་སེམས་རྩ།།
སྒྲ་སྙན་རྒྱལ་བོས་དྲོས་སོང་།།