作词 : 藏歌行
歌词大意;
ཁང་ཁྱིམ་བཀྲ་ཤིས་གཡང་འཁྱིལ།
弘德贵园
作词;满拉加 གཞས་ཚིག སྨན་བླ་སྐྱབས།
作曲; གཞས་གདངས། བློ་གསལ།
歌手 གཞས་མཁན། བློ་གསལ།
ཐང་དཀར་རྒོད་པོ་ཨ་ཐང་ཆད་བྱེད་ཀྱི།
གངས་ཀྱི་རི་རྒྱུད་དཀར་པོ་ད་རུང་ཡོད།
བྲེ་སེར་འབྲོང་གི་ཟེ་བ་ལ།
ཆགས་པའི་ཕ་ས་དྲོན་མོ་ད་རུང་ཡོད།
རང་སྡེའི་ཕུ་ནུ་ཟེར་ནས་འབོད་ས་ཡོད།
སྐྱིད་ལ་རེ་ས་སྡུག་ལ་ཁེན་ས་ཡོད།
ཁང་ཁྱིམ་བཀྲ་ཤིས་གཡང་འཁྱིལ། གཡང་འཁྱིལ།
ཡིད་སེམས་སྐྱོ་ཡང་མི་དགོས། ཡིད་སེམས་སྨྲེང་ཡང་མི་དགོས།
ཁང་ཁྱིམ་བཀྲ་ཤིས་གཡང་འཁྱིལ། ཁང་ཁྱིམ་བཀྲ་ཤིས་གཡང་འཁྱིལ། (བསྐྱར)
ཕ་ས་མ་འགྱུར་ཕ་ས་འགྱུར་ཡང་།
རང་སེམས་གཏོད་ས་ཙམ་རེ་ལུས་ནས་ཡོད།
འབྲོང་ཆུང་དར་མའི་སྐོམ་པ་སེལ་བྱེད་ཀྱི།
ཆུ་བོ་གསེར་བྲིས་མ་ཞིག་ད་རུང་ཡོད།
སྤྲིན་དཀར་འོག་གི་ས་གཞི་ལ།
ཆགས་པའི་ཕ་ས་དྲོན་མོ་ད་རུང་ཡོད།
མར་ཆུར་འོ་ཞོ་ཟེར་བའི་རང་ཟས་ཡོད།
སྐྱིད་ན་བྲོ་དང་སྡུག་ན་གླུ་ཆུང་ཡོད།
ཁང་ཁྱིམ་བཀྲ་ཤིས་གཡང་འཁྱིལ། གཡང་འཁྱིལ།
ཡིད་སེམས་སྐྱོ་ཡང་མི་དགོས། ཡིད་སེམས་སྨྲེང་ཡང་མི་དགོས།
ཁང་ཁྱིམ་བཀྲ་ཤིས་གཡང་འཁྱིལ། ཁང་ཁྱིམ་བཀྲ་ཤིས་གཡང་འཁྱིལ། (བསྐྱར)
ཕ་ས་མ་འགྱུར་ཕ་ས་འགྱུར་ཡང་།
རང་སེམས་འཁྲེང་ས་ཙམ་རེ་ལུས་ནས་ཡོད།