作词 : 拉巴多吉
作曲 : 拉巴多吉
编曲 : 拉巴多吉
དུས་ཚོད་ཡུན་རིང་ཞིག་ལ།
ཁྱེད་རང་འཇལ་རྒྱུ་མ་བྱུང་།
སྔོན་ཆད་བཞག་པའི་དམ་བཅའ་།
སེམས་ནས་རྗེད་ཐབས་མི་འདུག།
དུས་ཚོད་ཡུན་རིང་ཞིག་ལ།
ཁྱེད་རང་འཇལ་རྒྱུ་མ་བྱུང་།
ཁེར་རྐྱ་འཚོ་བའི་ཁྲོད་ནས།
ཁྱོད་ཀྱི་འཛུམ་ཞལ་དྲན་བྱུང་།
ཡིད་དབང་བུ་ཆུང་ལ།
ཕྱིར་མིག་ཚུལ་ལ་ལྟོས།
ཁྱོད་ལ་བརྩེ་སེམས་ཡོད་ན།
ང་ལ་དུང་སེམས་ཡོད།
སྤྲོ་སེམས་མེ་དང་འདྲ་བའི་མི་དེའི།
ཁྱོད་ལ་གཡོ་ཟོལ་སླ་བཅོས་མི་སྲིད་།
ལུས་སེམས་འོད་ལ་གཏད་ནས་ཁྱོད་རང་པང་དུ་བཟུང་།
བརྩེ་དུང་དེའེ་
ལ་ལས་སྙོ་ཆུ་མཐུང་ལས་འདྲ་འདྲ་རེད་ཟེར།
ལ་ལས་ཇ་དངར་མོ་མཐུང་ལས་འདྲ་ཟེར།
ངས་མི་ཤེས་ ངས་མ་ཚོལ་།
ཁྱེད་ཚོའི་ཤེས་སམ་ཨེ།
ངོ་མ་དགའ་ཟེར་ནོ རིན་དོད་ག་ཚོད་རེད།
ངོ་མ་དགའ་ཟེར་ནོ། རིན་ཐང་གང་ཞིག་རེད།
ངས་མི་ཤེས་ ངས་མ་ཚོལ་།
ཡིད་དབང་བུ་ཆུང་ལ།
ཕྱིར་མིག་ཚུལ་ལ་ལྟོས།
ཁྱོད་ལ་བརྩེ་སེམས་ཡོད་ན།
ང་ལ་དུང་སེམས་ཡོད།
སྤྲོ་སེམས་མེ་དང་འདྲ་བའི་མི་དེའི།
ཁྱོད་ལ་གཡོ་ཟོལ་སླ་བཅོས་མི་སྲིད་།
ལུས་སེམས་འོད་ལ་གཏད་ནས་ཁྱོད་རང་པང་དུ་བཟུང་།
ཡིད་དབང་བུ་ཆུང་ལ།
ཕྱིར་མིག་ཚུལ་ལ་ལྟོས།
ཁྱོད་ལ་བརྩེ་སེམས་ཡོད་ན།
ང་ལ་དུང་སེམས་ཡོད།
སྤྲོ་སེམས་མེ་དང་འདྲ་བའི་མི་དེའི།
ཁྱོད་ལ་གཡོ་ཟོལ་སླ་བཅོས་མི་སྲིད་།
ལུས་སེམས་འོད་ལ་གཏད་ནས་ཁྱོད་རང་པང་དུ་བཟུང་།