作词 : 拉巴多吉/丁增旺索
作曲 : 丁增旺索
编曲 : 拉巴多吉/皇子音乐
ང་སྐྱེས་སའི་ཡུལ་ལྗོངས་འདི།
གནས་མཆོག་ཆོས་གྱི་ཞིང་ཁམས་ཡིན།
ཉིང་ཁྲི་ ང་སྐྱེ་སའི་ཕ་ཡུལ།
གཉའ་ཁྲི་བཙན་པོ་འཁྲུངས་གནས་ཡིན།
ཕྱི་ལ་འཁོར་ས་ཁྱོད་ཡིན་ཕ་ཡུལ།
སེམས་ཀྱི་ཕྱོགས་དེ་ཁྱོད་ཡིན་ཕ་ཡུལ།
ས་ཕྱོགས་ཀུན་ན་གནས་པའི་གྲོགས་པོ་ཚོ།
གནས་མཆོག་འདི་ལ་བསྐོར་ནས་ཕེབས་ཤོག།
ང་འཚོ་སའི་གནས་མཆོག་འདི།
ཀོང་པོ་བོན་རི་ཆེན་མོ་ཡོད།
ཕ་ཡུལ་ང་གནས་སའི་ཕ་ཡུལ།
ངུ་སྐད་ཐོག་མ་སྒྲོག་ས་ཡིན།
ཡར་ཀླུང་གཙང་པོ་རླབས་རྒྱུན་རིང་མོ།
ནག་དང་རྩི་ཤིང་འབྱུང་གནས་ངོ་མ།
སྤང་ལྗོང་སྔོ་མོའི་དྲི་ཞིམ་སྟེ་གནས་འདི།
འཛོམས་ས་ཕ་ཡུལ་ཉི་ཁྲི་ཡིན་རེད།
ང་ཚོ་འདི་ལ་འཛོམས་འཛོམས།
ནང་ལ་ཆང་གསོལ་ལོ།
སྙུང་གཞིའི་གུད་ཆག་མ་གཏོང།
སོའོ་ཡའོ་ལ།
སོའོ་ཡའོ་ལ།
ང་ཚོ་འདི་ལ་འཛོམས་འཛོམས།
ནང་ལ་ཆང་གསོལ་ལོ།
སྙུང་གཞིའི་གུད་ཆག་མ་གཏོང།
སོའོ་ཡའོ་ལ།
བཀྲ་ལ་ཤིས་པའི་ཆང་གསོལ་རོ།