作词 : 阿凯桑
作曲 : 才让东珠
编曲 : 王冬东
伴唱:叶西拉姆
录音:央容阿东
混音:萍子
翻译:思东
གཅིག་གཅིག་ལ་ཇི་ལྟར་ལོབས་པ་མ་ཤེས། ཡེ།
ཧེ། གཅིག་གཅིག་ལ་ཇི་ལྟར་འདྲིས་པ་མ་ཤེས། ཡེ།
ཁྱོད་འུ་གཉིས་རང་རང་ས་ན་ཡོད་དུས། ཡེ།
ཡེ། འདི་ཚང་མ་ཞེ་སེམས་སྨེང་བའི་གཞི་རེད།
བརྒྱུད་མྱོང་སའི་ལམ་ནས་ཁྱོད་རང་དྲན་གི
བསྡད་མྱོང་སའི་གནས་ནས་ཁྱོད་རང་དྲན་གི
ཨོ་ཡེ་་་་་་
ཁྱོད་ཡོད་དུས་མ་ཤེས་མེད་དུས་ཤེས་ཐལ། ཡེ།
ཧོ་ཡེ་་་་་་
ཞེ་སྨེང་བའི་གླུ་འདི་དབང་མེད་ཤོར་ཐལ། ཡེ།
བཤད་མྱོང་བའི་ཚིག་དེར་ཉན་ཡག་མ་བྱས། ཡེ།
ཧེ། བགད་མྱོང་བའི་འཛུམ་དེར་ལྟ་ཡག་མ་བྱས། ཡེ།
ཁྱོད་འུ་གཉིས་རང་རང་ས་ན་ཡོད་དུས། ཡེ།
ཡེ། འདི་ཚང་མ་ཞེ་སེམས་སྨེང་བའི་གཞི་རེད།
སེམས་བསམ་པའི་གཏིང་གི་ཚིག་དེ་དྲན་གི
ཁའི་དུང་སོའི་བར་གྱི་འཛུམ་དེ་དྲན་གི
ཨོ་ཡེ་་་་་་
ཁྱོད་ཡོད་དུས་མ་ཤེས་མེད་དུས་ཤེས་ཐལ། ཡེ།
ཧོ་ཡེ་་་་་་
ཞེ་སྨེང་བའི་གླུ་འདི་དབང་མེད་ཤོར་ཐལ། ཡེ།
ཁྱོད་ང་ལ་ཅི་ཙམ་དགའ་བ་མ་ཤེས། ཡེ།
ཧེ། ང་ཁྱོད་ལ་དེ་ཙམ་དུང་བ་མ་ཤེས། ཡེ།
ཁྱོད་འུ་གཉིས་རང་རང་ས་ན་ཡོད་དུས། ཡེ།
ཡེ། འདི་ཚང་མ་ཞེ་སེམས་སྨེང་བའི་གཞི་རེད།
མགོ་བྲང་ལ་གླན་པའི་སྐྲ་ལོ་དྲན་གི
སེམས་སེམས་ལ་གཏད་པའི་ཡིད་ཆེས་དྲན་གི
ཨོ་ཡེ་་་་་་
ཁྱོད་ཡོད་དུས་མ་ཤེས་མེད་དུས་ཤེས་ཐལ། ཡེ།
ཧོ་ཡེ་་་་་་
ཞེ་སྨེང་བའི་གླུ་འདི་དབང་མེད་ཤོར་ཐལ། ཡེ།
ཧོ་ཡེ་་་་་་
ཞེ་སྨེང་བའི་གླུ་འདི་དབང་མེད་ཤོར་ཐལ། ཡེ།