作词 : 丁嘎
作曲 : 白琼甲
ཡེ་ཡེ། ཡེ་ཡེ།
ང་བོད་ཀྱི་བུ་ཆུང་བོད་ལ་དགའ།
བོད་ཁ་བ་ཅན་གྱི་ཆོས་ལ་དགའ།
སྐེ་ཕྲེང་བ་ཅན་ལ་དེ་ལས་དགའ།
བྱམས་སྙིང་རྗེ་ཅན་ལ་ལྷག་ཏུ་དགའ། ཡེ།
ཡེ་་་་་་
སྐེ་ཕྲེང་བ་ཅན་ལ་དེ་ལས་དགའ།
བྱམས་སྙིང་རྗེ་ཅན་ལ་ལྷག་ཏུ་དགའ། ཡེ།
ཡེ་ཡེ། ཡེ་ཡེ།
ང་བོད་ཀྱི་བུ་ཆུང་བོད་ལ་དགའ།
བོད་ཁ་བ་ཅན་གྱི་ཡུལ་ལ་དགའ།
རྟ་ནོར་ལུག་མཐོང་ན་དེ་ལས་དགའ།
སྦྲ་ཆོན་ཐག་ཅན་ལ་ལྷག་ཏུ་དགའ། ཡེ།
ཡེ་་་་་་
རྟ་ནོར་ལུག་མཐོང་ན་དེ་ལས་དགའ།
སྦྲ་ཆོན་ཐག་ཅན་ལ་ལྷག་ཏུ་དགའ། ཡེ།
ཡེ་ཡེ། ཡེ་ཡེ།
ང་བོད་ཀྱི་བུ་ཆུང་བོད་ལ་དགའ།
བོད་ཁ་བ་ཅན་གྱི་རིགས་ལ་དགའ།
མགོ་ཛ་ལོ་ཅན་ལ་དེ་ལས་དགའ།
དཔའ་སྙིང་སྟོབས་ཅན་ལ་ལྷག་ཏུ་དགའ། ཡེ།
ཡེ་་་་་་
མགོ་ཛ་ལོ་ཅན་ལ་དེ་ལས་དགའ།
དཔའ་སྙིང་སྟོབས་ཅན་ལ་ལྷག་ཏུ་དགའ། ཡེ།
ཡེ་ཡེ། ཡེ་ཡེ།
ང་བོད་ཀྱི་བུ་ཆུང་བོད་ལ་དགའ།
བོད་ཁ་བ་ཅན་གྱི་བུ་མོར་དགའ།
མགོ་གཡུ་ཡིས་རྒྱན་པའི་བུ་མོར་དགའ།
གཤིས་འཇམ་པོ་ཅན་ལ་ལྷག་ཏུ་དགའ། ཡེ།
ཡེ་་་་་་
མགོ་གཡུ་ཡིས་རྒྱན་པའི་བུ་མོར་དགའ།
གཤིས་འཇམ་པོ་ཅན་ལ་ལྷག་ཏུ་དགའ། ཡེ།
གཤིས་འཇམ་པོ་ཅན་ལ་ལྷག་ཏུ་དགའ། ཡེ།