作词 : 多吉次成
作曲 : 多吉次成
སྙིང་གྲོགས་ཟེར་བ་ཁ་ཤོབ་ཙམ་རེད།
དམིགས་ཡུལ་ངོ་མ་ཐོབ་དང་གོ་ས།
མཛའ་མོ་ཟེར་བ་རྨི་ལམ་ཙམ་རེད།
དྲན་དྲན་ཟེར་བ་ཞག་གསུམ་གཏམ་རེད།
མཛའ་མོ་ཟེར་བ་རྨི་ལམ་ཙམ་རེད།
དྲན་དྲན་ཟེར་བ་ཞག་གསུམ་གཏམ་རེད།
བརྩེ་དུང་ཟེར་བ་གཡོ་སྒྱུ་ཞིག་རེད།
དམིགས་ཡུལ་ངོ་མ་རྒྱུ་དང་དཔལ་འབྱོར།
ཆུང་འདྲིས་ཟེར་བ་རྨི་ལམ་ཙམ་རེད།
དགའ་དགའ་ཟེར་བ་ཞག་གསུམ་གཏམ་རེད།
ཆུང་འདྲིས་ཟེར་བ་རྨི་ལམ་ཙམ་རེད།
དགའ་དགའ་ཟེར་བ་ཞག་གསུམ་གཏམ་རེད།
དགའ་རོགས་ཟེར་བ་རྣ་བའི་སྒྲུང་རེད།
དམིགས་ཡུལ་ངོ་མ་མཚན་དང་སྙན་གྲགས།
དགའ་ལོ་ཟེར་བ་རྨི་ལམ་ཙམ་རེད།
བཤད་བཤད་གཏམ་དེ་ནམ་མཁའི་འཇའ་རེད།
དགའ་ལོ་ཟེར་བ་རྨི་ལམ་ཙམ་རེད།
བཤད་བཤད་གཏམ་དེ་ནམ་མཁའི་འཇའ་རེད།
བཤད་བཤད་གཏམ་དེ་ནམ་མཁའི་འཇའ་རེད།