益西平措 - 感到羞耻
作词:益西平措
作曲:益西平措
སྤུན་ཟླ་ཚོ།
ར་བ་གངས་རིས་སྐོར་བའི་ཁྱད་འཕགས་ཡུལ་ལྗོངས་འདི།
ང་ཡི་ཕ་ཡུལ་གངས་ཅན་ཁ་བའི་ལྗོངས།
སྤུན་ཟླ་ཚོ།
བསིལ་ལྗོངས་གངས་རིའི་ལྗོངས་ཀྱི་གཙུག་རྒྱན་འདི།
ང་ཡི་ཕ་ཡུལ་ཞང་ཞུང་མངའ་རིས་རེད།
སྤུན་ཟླ་ཚོ།
རི་རྒྱལ་གངས་དཀར་ཏི་སི་ཞུགས་པའི་གནས་མཆོག་འདི།
ང་ཡི་ཕ་ཡུལ་ཞང་ཞུང་མངའ་རིས་རེད།
སྤུན་ཟླ་ཚོ།
སེམས་པ་ཁ་གཏགས་ལྟ་བུ་མི་རིགས་ཞུགས་གནས་འདི།
ང་ཡི་ཕ་ཡུལ་རུ་ཐོག་ལུང་པ་རེད།
སྤུན་ཟླ་ཚོ།
སྒོ་ཕྱུགས་རྟ་ནོར་ལུག་གསུམ་འཁོར་བའི་གནས་མཆོག་འདི།
ང་ཡི་ཕ་ཡུལ་བྱང་གི་རྩྭ་ཕུ་རེད།