作词 : 诺让多多
作曲 : 诺让多多
编曲 : 诺让多多
ངའི་ལམ་གྲོགས།
ཚིག ནོར་བཟང་།
དབྱངས། ནོར་བཟང་།
ལེན་མཁན། ནོར་བཟང་།
རོལ་མོ་རྡུང་དཀྲོལ། ནོར་བཟང་།
སྒྲ་ལེན་པ། རོ་ལེ།
སེམས་པ་སྐྱོ་བས་མནར་ན།།
མིག་ཆུ་བྱི་ས་ཁྱོད་ཡིན།།。
ལག་ན་སྒོར་མོ་ཉུང་དུས།།
འཚོ་བའི་ཁ་སྣོན་ཁྱོས་བྱིན།
ང་ཡི་མི་ཚེའི་གཏམ་རྒྱུད།།
བཤད་ས་སྒྲ་སྙན་ཁྱོད་ཡིན། །
ང་ལ་འཇོན་ནུས་མེད་ཀྱང་།།
མི་ཡི་གྲལ་དུ་ཁྱོས་བཞག།
མཛེས་པའི་ལང་ཚོ་མེད་ཀྱང་།།
གར་སྟེགས་སྟེང་ལ་ཁྱོས་ཁྲིད།།
ཁྱོད་ནི་དཀོན་མཆོག་གསུམ་གྱིས།།
ང་ལ་གནང་བའི་གྲོགས་རེད།།
ཕར་ལ་བརྩེ་བ་བཅངས་ན།།
སེམས་ལ་བདེ་བ་སྩོལ་བའི།།
ཁྱོད་དང་ང་ཡི་བར་ལ། །
རྒྱུ་འབྲས་མདུད་པ་ཐེབས་ཡོད།།
ཚེ་ཡི་ཕྲེང་ཐག་རིང་མོར།།
འབྲལ་བ་མེད་ན་བསམ་གི།