作词 : 琼吉
作曲 : 德吉
男:
བུ་ཆུང་ང་ཡིས་ཇོ་མོ་གླང་མའི་སྤྲིན་དཀར་བསྒྲོན་ནས།
ལྷན་རྒྱས་དགའ་འཛོམས་བྱུང་བའི་བཀྲ་ཤིས་སྨོན་འདུན་ཞུ།
女:
བུ་མོ་ང་ཡིས་ཡར་ཀླུང་གཙང་པོའི་བརྩེ་སེམས་བཅངས་ནས།
ལྷན་རྒྱས་བདེ་ལེགས་ཡོང་བའི་བཀྲ་ཤིས་གླུ་དབྱངས་ལེན།
男:
ཡ་་་བཀྲ་ལ་བཀྲ་ཤིས་ཤོག།
ཞིམ་མངར་མཆོད་ཆང་མཆོད་དང་།
女:
ཡ་་་བཀྲ་ལ་བཀྲ་ཤིས་ཤོག།
སྙན་པའི་གླུ་དབྱངས་གསོན་དང་།
合:
བཀྲ་ལ་བཀྲ་ཤིས་ཤོག།
ཁྲ་ཆིལ་ཁེངས་པའི་གར་སྟེགས་སྟེང་ལ།
ལྷན་རྒྱས་དགའ་སྐྱིད་འཛོམས་པའི་གླུ་སྒྲས་ཁེངས།
གླུ་སྒྲས་ཁེངས་པའི་ཡུལ་འདིར། ཡ་ལ་ནི་སོའོ།
བཀྲ་ཤིས་སྨོན་ལམ་ཕྱོགས་བཞིར་ཁྱབ་སོང་།
男:
ང་ཚོའི་ལང་ཚོ་བདེ་སྐྱིད་བདེ་སྐྱིད་དཔལ་ལ་རོལ་ཡོད།
ང་ཚོའི་ཤེས་རིག་དཔལ་ཡོན་རྣམ་པར་བཀྲ་ཡོད།
女:
ང་ཚོས་ནམ་ཡང་སྐྱིད་པའི་འཚོ་བར་བསྟོད་གླུ་བླངས་ཡོང་།
བདེ་སྐྱིད་ཡོང་བའི་བཀྲ་ཤིས་བཀྲ་ཤིས་སྨོན་ལམ་ཞུ།
男:
ཡ་་་བཀྲ་ལ་བཀྲ་ཤིས་ཤོག།
ཞིམ་མངར་མཆོད་ཆང་མཆོད་དང་།
女:
ཡ་་་བཀྲ་ལ་བཀྲ་ཤིས་ཤོག།
སྙན་པའི་གླུ་དབྱངས་གསོན་དང་།
合:
བཀྲ་ལ་བཀྲ་ཤིས་ཤོག།
ཁྲ་ཆིལ་ཁེངས་པའི་གར་སྟེགས་སྟེང་ལ།
ལྷན་རྒྱས་དགའ་སྐྱིད་འཛོམས་པའི་གླུ་སྒྲས་ཁེངས།
གླུ་སྒྲས་ཁེངས་པའི་ཡུལ་འདིར། ཡ་ལ་ནི་སོའོ།
བཀྲ་ཤིས་སྨོན་ལམ་ཕྱོགས་བཞིར་ཁྱབ་སོང་།
ཁྲ་ཆིལ་ཁེངས་པའི་གར་སྟེགས་སྟེང་ལ།
ལྷན་རྒྱས་དགའ་སྐྱིད་འཛོམས་པའི་གླུ་སྒྲས་ཁེངས།
གླུ་སྒྲས་ཁེངས་པའི་ཡུལ་འདིར། ཡ་ལ་ནི་སོའོ།
བཀྲ་ཤིས་སྨོན་ལམ་ཕྱོགས་བཞིར་ཁྱབ་སོང་།
བཀྲ་ཤིས་བཀྲ་ཤིས་ཤོག།