作词 : 周桑尕贝
作曲 : 忠闹日
录音:仁青东知
女:
འབྲོང་གི་རྭ་རྩེ་ནས་ཉི་མའི་རྣ་ལུང་དེ་བཏགས་ནས།
གངས་ཀྱི་རྩེ་མོ་ནས་ཟླ་བའི་མེ་ལོང་དེ་བཟུང་ནས།
ཟིལ་བ་ཁུར་བའི་མེ་ཏོག་གི་ཞོགས་པ་ཞིག་ལ།
ངས་ཁྱོད་རྟེན་འབྲེལ་འགྲིག་པའི་གཞས་ཞིག་བླངས་ཡོད།
男:
ཆུ་ཐོམ་གསུམ་བཅུས་བའི་གསེར་སྐྱེམས་ཡིན།
ཇ་འོ་མའི་མཆོད་ཁ་དང་པོ་ཡིན།
སྙིང་སྡུག་ལགས། ག་ལེར་ཕེབས་དང་། ཡེ།
ཁས་གོང་མའི་ལབ་ཙེ་དགྲ་ལྷ་ཅན།
སྤང་སྔོན་མོའི་མཚོ་མོ་ཀླུ་འཁོར་ཅན།
སྟག་ཤ་ར་ཚུར་ཡོང་མགྲོན་ལམ་ཡིན།
སྨན་བུ་མོའི་གཞིས་འཛིན་སྨུག་སྨུག་ཡིན།
女:
པི་ཝིང་རྒྱུད་དྲུག་གིས་སེམས་ནང་སྐད་ཆ་དེ་གླེང་བཞིན།
སྐྲ་ལོ་སིལ་སིལ་གྱིས་རྨི་ལམ་སྨུག་པ་དེ་བཅིབས་ནས།
གླུ་གཞས་སྙན་མོའི་ཚོར་སྣང་གི་ཞོགས་པ་ཞིག་ལ།
ངས་ཁྱོད་རྟེན་འབྲེལ་འགྲིག་པའི་གཞས་ཞིག་བླངས་ཡོད།
男:
རྡོ་གོར་མོར་བྲིས་པའི་ཨ་ཡིག་ཡིན།
ལག་དཀར་ཡོལ་སྟེང་གི་གསེར་ཉ་ཡིན།
སྙིང་སྡུག་ལགས། ག་ལེར་ཕེབས་དང་། ཡ།
ངས་མ་བླངས་འབྲི་མར་སེར་པོ་ཡོད།
ངས་མ་བྲིས་སྤང་གི་ཐང་ག་ཡོད།
གཞས་དེ་ནི་སེམས་པའི་དཀྱིལ་ཞིག་ཡིན།
ཡུལ་དེ་ནི་རུས་པའི་གཏིང་ཞིག་ཡིན།
ངས་མ་བླངས་འབྲི་མར་སེར་པོ་ཡོད།
ངས་མ་བྲིས་སྤང་གི་ཐང་ག་ཡོད།
女:
གཞས་དེ་ནི་སེམས་པའི་དཀྱིལ་ཞིག་ཡིན།
ཡུལ་དེ་ནི་རུས་པའི་གཏིང་ཞིག་ཡིན།
合:
ཡུལ་དེ་ནི་རུས་པའི་གཏིང་ཞིག་ཡིན།