作词 : 阿翅
作曲 : 东格尔洛桑
ཁྱེད་རང་སེར་པོ་གསེར།།
འཛམ་གླིང་ཉི་མ་འདྲ།།
འོད་ཟེར་གླིང་ལ་འཕྲོས།།
དྲོད་ཁོལ་སེམས་ལ་ཁྱབ།།
བྱམས་པ་ཁྱོད་ཡིན་ཞེས།།
ཁ་དན་ང་ཡིས་བྱ།།
ཚེ་གྲོགས་ང་ཡིན་ཞེས།།
ཚིག་ཐག་ཁྱོད་ཀྱིས་ཆོད།།
འུ་གཉིས་འཇིག་རྟེན་ཆུང་ཆུང་།།
སེམས་ཀྱི་དཀྱིལ་ན་ཆགས་ཡོད།།
ལས་དང་སྨོན་ལམ་ཡག་པས།།
ཐོད་པའི་ཨ་ཡིག་འགྲིག་ཡོད།།
ཁྱོད་ནི་དཀར་པོ་དུང་།།
མཚན་གོང་ཟླ་བ་འདྲ།།
བསིལ་སེར་གདོང་ལ་འཐོར།།
འོད་སྣང་སེམས་ནས་ཚེས།།
བྱམས་པ་ཁྱོད་ཡིན་ཞེས།།
ཁ་དན་ང་ཡིས་བྱ།།
ཚེ་གྲོགས་ང་ཡིན་ཞེས།།
ཚིག་ཐག་ཁྱོད་ཀྱིས་ཆོད།།
ཁྱོད་ནི་དཀར་པོ་དུང་།།
མཚན་གོང་ཟླ་བ་འདྲ།།
བསིལ་སེར་གདོང་ལ་འཐོར།།
འོད་སྣང་སེམས་ནས་ཚེས།།
བྱམས་པ་ཁྱོད་ཡིན་ཞེས།།
ཁ་དན་ང་ཡིས་བྱ།།
ཚེ་གྲོགས་ང་ཡིན་ཞེས།།
ཚིག་ཐག་ཁྱོད་ཀྱིས་ཆོད།།
འུ་གཉིས་རྨི་ལམ་ཞིམ་པོ།།
སེམས་དང་སེམས་པས་བསྐྱོར་ཡོད།།
མཛའ་དུང་བརྩེ་བའི་ཟམ་པ།།
ལོ་དང་ཟླ་བས་བསྲུངས་ཡོད།།
ཁྱེད་རང་སེར་པོ་གསེར།།
འཛམ་གླིང་ཉི་མ་འདྲ།།
འོད་ཟེར་གླིང་ལ་འཕྲོས།།
དྲོད་ཁོལ་སེམས་ལ་ཁྱབ།།
བྱམས་པ་ཁྱོད་ཡིན་ཞེས།།
ཁ་དན་ང་ཡིས་བྱ།།
ཚེ་གྲོགས་ང་ཡིན་ཞེས།།
ཚིག་ཐག་ཁྱོད་ཀྱིས་ཆོད།།
ཁྱེད་རང་སེར་པོ་གསེར།།
འཛམ་གླིང་ཉི་མ་འདྲ།།
འོད་ཟེར་གླིང་ལ་འཕྲོས།།
དྲོད་ཁོལ་སེམས་ལ་ཁྱབ།།
བྱམས་པ་ཁྱོད་ཡིན་ཞེས།།
ཁ་དན་ང་ཡིས་བྱ།།
ཚེ་གྲོགས་ང་ཡིན་ཞེས།།
ཚིག་ཐག་ཁྱོད་ཀྱིས་ཆོད།།
ཚེ་གྲོགས་ང་ཡིན་ཞེས།།
ཚིག་ཐག་ཁྱོད་ཀྱིས་ཆོད།།