作词 : 于尼玛才让
作曲 : 加才让扎西
编曲 : 嘉杨
ཟླ་བ་མ་མཐོང་མཐོང་ན་སྐྱོ་གི། །
སྐྱོ་བའི་གཞས་དེ་སྐར་མའི་ཐོས་ཡོད། །
མིག་ཆུའི་ཕྱིར་མིག་ཀློང་གི་དྲན་པ། །
ལོ་དང་ཟླ་བའི་བར་ན་ལྷག་ཡོད། །
ཞེ་དང་བསམ་པའི་རྒྱང་ལ་འཁྲེང་ཡོད། །
རླུང་བུ་མ་ལྡང་ལྡང་ན་སྨྲེང་གི། །
སྨྲེང་བའི་འཕྲིན་དེ་ཆུ་ལ་བསྐུར་ཡོད། །
བརྩེ་བའི་གཏམ་རྒྱུད་ནང་གི་ཁ་ཆད། །
ལུས་དང་སེམས་ཀྱི་གཏིང་ལ་ཟུག་ཡོད། །
སྡེ་དང་མི་ཁའི་བར་ན་ལྷག་ཡོད། །
ཁ་བ་མ་འབབ་བབས་ན་གྲང་གི། །
གྲང་ངར་འཁོར་བའི་གཞིས་ལ་སིམ་ཡོད། །
ཚིག་གསུམ་གོང་བའི་ནང་གི་གནའ་གཏམ། །
ཆུང་འདྲིས་དྲན་པའི་སེམས་སུ་བཞད་ཡོད། །
འདང་དང་མིག་ཆུའི་རྒྱུན་ལ་འདྲེས་ཡོད། །
འདང་དང་མིག་ཆུའི་རྒྱུན་ལ་འདྲེས་ཡོད། །
---END---
原唱 : 尼多
宣传发行 : 珞玛文化工作室
歌词制作 : 妙音才华