作词 : 日桑曲旺
作曲 : 岗珠洛加
གྲོང་པ་ཁྱིམ་མཚེས།
邻居
གཞས་ཚིགརིག་བཟང་ཆོས་དབང་།
歌词:日桑曲旺
གཞས་གདངས།གངས་ཕྲུག་བློ་རྒྱ།
歌曲:岗珠洛加
བསྐྱར་ལེན། གཉོས་སྐར་བསྟན།
演唱:聂.嘎旦
མ་གཞི་སུ་དང་གང་ལ།
སེམས་ནང་ཉེ་རིང་ཡོད་ཀྱང་།
དོན་དངོས་འཚོ་བའི་ཐོག་ལ།
ཆགས་སྡང་བྱེད་དགོས་མིན་འདུག
ང་དང་གྲོང་པ་ཁྱིམ་མཚེས།
ཉེ་བའི་སྤུན་མཆེད་མིན་ཀྱང་།
སྐྱིད་སྡུག་མཉམ་མྱོང་ཡིན་པས།
སྤུན་མཆེད་ལས་ཀྱང་ལྷག་པ།
མ་གཞི་སུ་དང་གང་ལ།
སེམས་ནང་ཉེ་རིང་ཡོད་ཀྱང་།
དོན་དངོས་འཚོ་བའི་ཐོག་ལ།
ཆགས་སྡང་བྱེད་དགོས་མིན་འདུག
ང་དང་གྲོང་པ་ཁྱིམ་མཚེས།
ཉེ་བའི་སྤུན་མཆེད་མིན་ཀྱང་།
སྐྱིད་སྡུག་མཉམ་མྱོང་ཡིན་པས།
སྤུན་མཆེད་ལས་ཀྱང་ལྷག་པ།
སོའི་ཡ་ལ་སོའི།སྐྱིད་དུས་སྐྱིད་པའི་སྐྱིད་རོགས།
སོའི་ཡ་ལ་སོའི།སྡུག་དུས་སྡུག་གི་སྡུག་རོགས།
ལྷད་མེད་གྲོང་པ་ཁྱིམ་མཚེས།ཆུ་དང་ཉྭ་མོའི་མཛའ་བཤིས།
རྒྱང་རིང་ས་མཐའ་འགྲིམ་པའི།
ཤ་རུས་འབྲེལ་བའི་སྤུན་མཆེད།
དགོས་དུས་ཁ་ཡ་མེད་ན།
རྨིད་ལམ་ནང་གི་མཛའ་བཤིས།
འཛམ་གླིང་གོ་ལའི་སྟེང་ལ།
ཁྱིམ་ཚང་ཁྲི་སྟོང་མང་པོ།
ལས་ཀྱི་མཉམ་འཛོམས་བྱུང་བའི།
གྲོང་པ་ཁྱིམ་མཚེས་རེ་རེ།
རྒྱང་རིང་ས་མཐའ་འགྲིམ་པའི།
ཤ་རུས་འབྲེལ་བའི་སྤུན་མཆེད།
དགོས་དུས་ཁ་ཡ་མེད་ན།
རྨིད་ལམ་ནང་གི་མཛའ་བཤིས།
འཛམ་གླིང་གོ་ལའི་སྟེང་ལ།
ཁྱིམ་ཚང་ཁྲི་སྟོང་མང་པོ།
ལས་ཀྱི་མཉམ་འཛོམས་བྱུང་བའི།
གྲོང་པ་ཁྱིམ་མཚེས་རེ་རེ།
སོའོ་ཡ་ལ་སོའི། ས་ཐག་འགྱངས་བའི་སྤུན་ལས།
སོའི་ཡ་ལ་སོའི། ཉེ་བའི་གྲོང་པའི་དགྲ་དགའ།
ལྷད་མེད་གྲོང་པ་ཁྱིམ་མཚེས། ཕན་ཚུན་འཆམ་མཐུན་གནང་དང་།