作词 : 洛桑扎西
作曲 : 洛桑扎西
音乐宣传:谢旦贴吧工作室
འཇིག་རྟེན་འདི་ན་ཟས་རིགས་སྣ་ཚོགས་འདུག
བརྗེད་ཐབས་མེད་པའི་ཨ་མའི་རྩམ་པ།
ཨ་མ་ཁྱེད་ཀྱི་སྐུ་ཚེ་བརྟན་པའི།
བུ་ཆུང་ང་ཡིས་སྨོན་ལམ་ཡང་ཡང་འདེབས།
ས་ཆ་ག་ས་གང་དུ་སོང་ཡང་།
བརྗེད་ཐབས་མེད་པའི་ཕ་ཡུལ་གངས་ལྗོངས།
བུ་ངའི་སྐྱེ་སའི་ཕ་ཡུལ་གངས་ལྗོངས་དེ།
ཕ་ཡུལ་གངས་ལྗོངས་སྐྱིད་པའི་སྨོན་ལམ་འདེབས།
ཨ་ཧ། ང་ཡི་སེམས་ཁོང་གི་ཨ་མ།
ཨ་མ་ཁྱེད་ནི་ངའི་སེམས་ཁོང་གི་ལྷ་མོ།
ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད།
དྲིན་ལན་ཡང་ཡང་འཇལ་བའི་སྨོན་ལམ་འདེབས།
འཇིག་རྟེན་འདི་ན་ཟས་རིགས་སྣ་ཚོགས་འདུག
བརྗེད་ཐབས་མེད་པའི་ཨ་མའི་རྩམ་པ།
ཨ་མ་ཁྱེད་ཀྱི་སྐུ་ཚེ་བརྟན་པའི།
བུ་ཆུང་ང་ཡིས་སྨོན་ལམ་ཡང་ཡང་འདེབས།
ས་ཆ་ག་ས་གང་དུ་སོང་ཡང་།
བརྗེད་ཐབས་མེད་པའི་ཕ་ཡུལ་གངས་ལྗོངས།
བུ་ངའི་སྐྱེ་སའི་ཕ་ཡུལ་གངས་ལྗོངས་དེ།
ཕ་ཡུལ་གངས་ལྗོངས་སྐྱིད་པའི་སྨོན་ལམ་འདེབས།
ཨ་ཧ། ང་ཡི་སེམས་ཁོང་གི་ཨ་མ།
ཨ་མ་ཁྱེད་ནི་ངའི་སེམས་ཁོང་གི་ལྷ་མོ།
ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད།
དྲིན་ལན་ཡང་ཡང་འཇལ་བའི་སྨོན་ལམ་འདེབས།
ཨ་མ།
ཨ་མ་ཁྱེད་ཀྱིས་ང་ལ་གསོ་སྐྱོང་གནང་ནས་སྡུག་བསྔལ་མང་པོ་མྱང་ཡོད།
འདི་ནི་ང་ཡིས་ནམ་ཡང་བརྗེད་ཐབས་མེད།
ཨ་མ།
ཨ་མ་ཁྱེད་ལ་རྩམ་པ་སྐྱ་བོ་ལས་མེད་ཀྱང་ང་ལ་གནང་བྱུང་།
ཨ་མ།
ཨ་ཧ། ང་ཡི་སེམས་ཁོང་གི་ཨ་མ།
ཨ་མ་ཁྱེད་ནི་ངའི་སེམས་ཁོང་གི་ལྷ་མོ།
ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད།
དྲིན་ལན་ཡང་ཡང་འཇལ་བའི་སྨོན་ལམ་འདེབས།
དྲིན་ལན་ཡང་ཡང་འཇལ་བའི་སྨོན་ལམ་འདེབས།