作词 : Wings
作曲 : Wings
编曲:PUNISHME
ལུས་མི་ཁོམ་ཡར་རྒྱུག་མར་རྒྱུག
སེམས་མི་ཁོམ་ས་དྲན་རྡོ་དྲན།
འདི་ད་ལྟའི་ང་ཚོའི་འཚོ་བ།
རང་མ་འོངས་གླེང་མཁན་མང་རུང་།
དུས་ད་ལྟའི་ཕྱོགས་སུ་འབད་མཁན།
བཤད་དགོས་ན་དཀོན་མོ་དཀོན་མོ།
ལམ་ཡག་བཙོག་གང་ལ་འཕྲད་ཀྱང་།
མཚམས་མེད་པར་འགྲུལ་བཞུད་བྱ་དགོས།
ཞུམ་མེད་ཀྱི་སྙིང་སྟོབས་བསྐྱེད་དེ།
རང་དགའ་སའི་ལམ་དེ་ཆས་འགྲོ།
ང་རང་ད་ནས་མི་འདུག་འགྲོ་ཡ།
ཁྱོད་རང་ང་དང་མཉམ་དུ་འགྲོ
ང་རང་ད་ནས་མི་འདུག་འགྲོ་ཡ།
ཁྱོད་རང་ང་དང་མཉམ་དུ་འགྲོ
གཏམ་དོན་ལྡན་མེས་པོའི་གཏམ་རེད།
འདང་ཆེ་ནོ་རང་གི་ཕ་མ།
དེ་མ་བརྗེད་སེམས་ལ་འཛིན་རོགས།
དོན་བཟང་ངན་གང་ཞིག་བསྒྲུབ་ཀྱང་།
རང་དགའ་ན་དེ་ཡི་ལེ་ཆོག
ད་མ་འདུག་རྨི་ལམ་སྙེག་རོགས།
ལམ་ཡག་བཙོག་གང་ལ་འཕྲད་ཀྱང་།
མཚམས་མེད་པར་འགྲུལ་བཞུད་བྱ་དགོས།
ཞུམ་མེད་ཀྱི་སྙིང་སྟོབས་བསྐྱེད་དེ།
རང་དགའ་སའི་ལམ་དེ་ཆས་འགྲོ།
ང་རང་ད་ནས་མི་འདུག་འགྲོ་ཡ།
ཁྱོད་རང་ང་དང་མཉམ་དུ་འགྲོ
ང་རང་ད་ནས་མི་འདུག་འགྲོ་ཡ།
ཁྱོད་རང་ང་དང་མཉམ་དུ་འགྲོ
གཏམ་དོན་ལྡན་མེས་པོའི་གཏམ་རེད།
འདང་ཆེ་ནོ་རང་གི་ཕ་མ།
དེ་མ་བརྗེད་སེམས་ལ་འཛིན་རོགས།
དོན་བཟང་ངན་གང་ཞིག་བསྒྲུབ་ཀྱང་།
རང་དགའ་ན་དེ་ཡི་ལེ་ཆོག
ད་མ་འདུག་རྨི་ལམ་སྙེག་རོགས།
རང་ཉིད་རང་གི་མགོན་ཡིན་དེ།
གཞན་ད་སུ་ཞིག་རང་གི་མགོན་ཡིན།