作曲 : 德格加DGJ
ཚེ་རིང་ལོ་བརྒྱ།
ཚིག འབྲོང་ཕྲུག་ལྷ་ཆེན་རྒྱལ།
དབྱངས། གདུགས་དཀར་རྒྱལ།
རོལ་མོ། ཤེར་བྷ།
ལེན་མཁན། ཨ་དགའ་མགོན་པོ་དང་གདུགས་དཀར་རྒྱལ།
ཕ་ལུང་ནགས་ལུང་ཕྱུག་མོ་བརྒྱངས་འདྲ་ལ།།
སྐྱ་རེངས་མགོ་མ་བཀྱག་སོང་རྟེན་འབྲེལ་ཡག།
མ་ལུང་མར་ཁུའི་མཚོ་མོ་འཁྱིལ་འདྲ་ལ།།
གནམ་ལོ་འབྲུག་གིས་ཚེས་སོང་སྨོན་ལམ་ཡག།
གཡང་ཁྱིམ་གཏམ་གྱིས་བཀྱག་པའི་ལོ་སར་ཡག།
ཕ་དང་ཨ་ཁུ་ཚེ་རིང་ལོ་བརྒྱ་ཤོག།
ཚེ་རིང་ལོ་བརྒྱའི་ལོ་སར་ཡག
ཚེ་རིང་ལོ་བརྒྱ།
སྡེ་ཁ་ཞག་འཁྱིལ་ལེ་ཡོད་ས་ནས།
ཕ་ཁུ་ཞག་ལྡེམ་མེར་བཞུགས་པ་ཁྱོད།
ཚེ་རིང་ལོ་བརྒྱ།
གངས་རི་མཆོད་རྟེན་བཞེངས་འདྲའི་རྩེ་མོ་ལ།།
ཉི་ཟེར་མགོ་མ་འཕྲོས་སོང་རྟེན་འབྲེལ་ཡག།
རུ་སྡེ་མར་ཁུ་འཁྱིལ་འདྲའི་གངས་ལྗོངས་ལ།།
གནམ་ལོ་འབྲུག་གིས་ཚེས་སོང་སྨོན་ལམ་ཡག།
གཡང་ཁྱིམ་གླུ་ཡིས་བཀྱག་པའི་ལོ་སར་ཡག།
མ་དང་སྲུ་མོ་ཚེ་རིང་ལོ་བརྒྱ་ཤོག།
ཚེ་རིང་ལོ་བརྒྱའི་ལོ་སར་ཡག
ཚེ་རིང་ལོ་བརྒྱ།
སྡེ་ཁྲ་ཁྲ་འཁོར་བའི་གཞི་མ་ནས།
རྒྱུ་ཁྲ་ཁྲ་འཁོར་བའི་རུ་མ་ཁྱོད།
ཚེ་རིང་ལོ་བརྒྱ།