作曲 : 三培端智/切昂本
རྩེ་གཞུང་ཡ། རྩེ་ཆུ་ཡ།
ཚིག ཚོར་རྐང་།
དབྱངས། ཆོས་དབྱངས་འབུམ། བསམ་འཕེལ་དོན་འགྲུབ། བརྩོན་འགྲུས།
ལེན་མཁན། ཆོས་དབྱངས་འབུམ། བསམ་འཕེལ་དོན་འགྲུབ། བརྩོན་འགྲུས།
རྩེ་གཞུང་ཡ། ལྷ་ཡི་ལུང་བ་རིང་མོ།
རྩེ་ཆུ་ཡ། གངས་ཀྱི་བཞུར་རྒྱུན་དྭངས་མོ།
རྩེ་གཞུང་ཡ། གདོད་མའི་ཞལ་ཐང་ཆེན་མོ།
རྩེ་ཆུ་ཡ། འཛིན་མའི་སྟོད་སྐུད་ཕྲ་མོ།
བརྩོན་འགྲུས།
གནམ་སྔོན་མོ་སྲིད་པའི་མེ་ལོང་།
ཆགས་བཞག་ན་རྩེ་གཞུང་རྩྭ་ཐང་།
ས་དོག་མོ་གཡུ་ཡི་ག་འུ།
དཔེར་བཞག་ན་རྩེ་ཁོག་ཕྱུག་མོ།
སྲིད་པ་གཏམ་གྱི་ཕ་ས། བདེན་པ་དོན་གྱི་མ་ས།
རྟ་འདོ་བའི་རྔ་རྔོག་སྤྲིན་ལ་སྡེབ་ས།
ལུག་ཚེར་མོའི་འབའ་སྒྲ་ཐང་ལ་ལྷུང་ས།
འབྲི་ཐུལ་མའི་འཕེལ་ཁ་རི་ལ་བཀྲམ་ས།
གནམ་སྔོན་མོ་སྲིད་པའི་མེ་ལོང་།
ཆགས་བཞག་ན་རྩེ་གཞུང་རྩྭ་ཐང་།
ས་དོག་མོ་གཡུ་ཡི་ག་འུ།
དཔེར་བཞག་ན་རྩེ་ཁོག་ཕྱུག་མོ།
རྩེ་གཞུང་ཡ། ལྷ་ཡི་ལུང་བ་རིང་མོ།
རྩེ་ཆུ་ཡ། གངས་ཀྱི་བཞུར་རྒྱུན་དྭངས་མོ།
རྩེ་གཞུང་ཡ། གདོད་མའི་ཞལ་ཐང་ཆེན་མོ།
རྩེ་ཆུ་ཡ། འཛིན་མའི་སྟོད་སྐུད་ཕྲ་མོ།
བསམ་འཕེལ་དོན་འགྲུབ།
ཕ་ཁུའི་ཀི་སྒྲས་སྲུང་བའི་རེ་སྦྲའི་ཁ་ཚུབ་ཡག
མ་སྲིའི་བྱམས་བརྩེས་གསོས་པའི་ཨོ་ལོའི་འཛུམ་རིས་ཡག
ཧོར་གྱི་རྡོ་བརྐོས་སྒྱུ་རྩལ་མི་འགྱུར་བརྟན་པོར་བཞུགས།
ཨ་མྱེས་མཚོ་རྒན་འགྲམ་ལ་སྐྱིད་པའི་ཉི་མ་འཆར།
རི་མཐོ་པོ་གནམ་གྱི་ཀ་བ།
ཆགས་བཞག་ན་རྩེ་དྲུག་སྙིང་བདུན།
ཆུ་དྭངས་མོ་འཛིན་མའི་སྐ་རགས།
ཆགས་བཞག་ན་རྩེ་ཆུ་སྔོན་མོ།
རྩེ་གཞུང་ཡ། ལྷ་ཡི་ལུང་བ་རིང་མོ།
རྩེ་ཆུ་ཡ། གངས་ཀྱི་བཞུར་རྒྱུན་དྭངས་མོ།
རྩེ་གཞུང་ཡ། གདོད་མའི་ཞལ་ཐང་ཆེན་མོ།
རྩེ་ཆུ་ཡ། འཛིན་མའི་སྟོད་སྐུད་ཕྲ་མོ།
ཆོས་དབྱངས་འབུམ།
རྫ་ཁྲ་ཁྲའི་དབུ་རྩེ་སྤྲིན་ལ་ཟུག་ས།
མཚོ་ལྗང་ལོའི་རླབས་རིས་རླུང་གིས་བསྐྱོད་ས།
ནགས་ལྗོན་པའི་འདབ་གཤོག་ལོ་མས་བརྒྱན་ས།
མེས་པོ་རལ་ཅན་གྱི་བུ་རྟའི་དབང་ཐང་བཙན།
གནའ་མྱི་རྩག་པ་ཅན་གྱི་སྲོག་ལྷའི་ལས་རླུང་རྒོད།
དམེ་ཤུལ་ནགས་མའི་འདབ་མ་གོ་ལའི་ཁྱོན་ལ་ཁྱབ།
རྩེ་གཞུང་ཡ། ལྷ་ཡི་ལུང་བ་རིང་མོ།
རྩེ་ཆུ་ཡ། གངས་ཀྱི་བཞུར་རྒྱུན་དྭངས་མོ།
རྩེ་གཞུང་ཡ། གདོད་མའི་ཞལ་ཐང་ཆེན་མོ།
རྩེ་ཆུ་ཡ། འཛིན་མའི་སྟོད་སྐུད་ཕྲ་མོ།