作词 : DonRa•旺/雪儿江村
作曲 : 雪儿江村
༿སློབ་གྲོངས་ལགས།༾
ཚིག། སྤེན་ཚེ། གངས་ཕྲུག་རྒྱལ་མཚན།
གདངས། གངས་ཕྲུགས་རྒྱན་མཚན་
ལེན་མཁན། སྤེན་ཚེ།
༡ ལོ་གསུམ་སློབ་གླིང་འཚོ་བ།
ལོ་གསུམ་སློབ་གླིང་དྲན་གསོ།
དུས་ཀྱི་འཁོར་ལོ་འཁོར་དུས།
བྲལ་བའི་དུས་ལ་སླེབས་འདུག།
གཅིག་སེམས་གཅིག་ལ་མཐུན་ནས།
ཕན་ཚན་མ་བྲལ་བསམ་ཡང།
དབང་ཤེས་ལས་ཀྱི་བཙན་པོས།
སོ་སོར་འགྲོ་དགོས་བྱུང་སོང་
སློབས་གྲོགས་ལགས། - - -
མ་བརྗེད་པ་གནང་རོགས། - - -
སློབས་གྲོགས་ལགས། - - -
མཉམ་དུ་འབད་དང།- - -
དཀར་གཙང་འཇལ་དར་ཁྱེད་ལ་ཕུལ།
༢ ཁ་སང་ང་ཚོའི་དགའ་སྐྱོ།
དེ་རིང་དྲན་གསོར་འགྱུར་སོང།
ཡིན་ཀྱང་སང་ཉིན་ཆེད་དུ།
རེ་བའི་འདུན་པས་བསུས་ཤོག།
ཕུགས་བསམ་བཟང་པོའི་དོན་དུ།
མུ་ཐུད་མདུན་དུ་བསྐྱོད་དང།
བཟང་ངན་ཅི་ཞིག་བྱུང་ཡང།
ཡིད་ཐང་ཆད་ནས་མ་སྡོད།
སློབས་གྲོགས་ལགས། - - -
མ་བརྗེད་པ་གནང་རོགས་- - -
སློབས་གྲོགས་ལགས། - - -
མཉམ་དུ་འབད་དང།- - -
ང་ཡི་སྐྱོ་གླུ་ཁྱེད་ལ་ལེན།
སློབས་གྲོགས་ལགས། - - -
མ་བརྗེད་པ་གནང་རོགས།- - -
སློབས་གྲོགས་ལགས། - - -
མཉམ་དུ་འབད་དང།- - -
ང་ཡི་སྐྱོ་གླུ་ཁྱེད་ལ་ལེན།
དཀར་གཙང་འཇལ་དར་ཁྱེད་ལ་ཕུལ
དཀར་གཙང་འཇལ་དར་ཁྱེད་ལ་ཕུལ།