作词 : 艺名
作曲 : 四朗仁青
སྤྱི་མཐུན་གྱི་འགན་འཁྲི།
མི་ཚོགས་ཀྱི་བར་གསེང་ན་གབ་པའི་གཤེད་མ།
ང་ཚོ་ཡི་ཚེ་སྲོག་ལ་རྒྱུགས་པའི་ཤན་པ།
རྒྱན་དང་གཡེན་གཉིས་དུས་དང་བསྟུན་ནས།
སྡུག་ཡུས་དངན་པ།
མ་བུ་ཡི་བརྩེ་བ་འགྲོ་ས་མི་འདུག
ཕོ་མོ་ཡོ་བརྩེ་དུང་གླེང་ས་མི་འདུག
ཀྱེ་མ། འཇིགས་སུ་རུང་བའི་ནད་དུག
འདི་ལ་གཟབ་རྒྱུ་ནི་ཁྱོད་དང་ང་ཡི་སྤྱི་མཐུན་གྱི་འགན་འཁྲི་རེད།
བག་མེད་དང་ལང་ཚོ་ལ་རྫུས་པའི་ཆོམ་རྐུན།
ཁྱིམ་ཚང་དང་མི་རིགས་གཉིས་གཏོར་བའི་གཏེ་བོ།
ལུས་དང་དངུལ་གཉིས། ཁྲལ་དང་ཁྲག་གཉིས།
སྡུག་ཡུས་དངན་པ།
མཐོ་སྒང་ཡུལ་གྲུ་ཡིན་མིན་མི་འདུག
རྨི་ལམ་གྱི་མཁའ་དབྱིངས་འགྲོ་ས་མི་འདུག
ཀྱེ་མ། འཇིགས་སུ་རུང་བའི་ནད་དུག