作词 : 民间
作曲 : 民间
གླུ་གར་ཐང་།
ཚིག དམངས་ཁྲོད།
བསྒྱུར་བཟོ། ཨ་ཁུ་འབྲོག་པ་རོལ་ཚོགས།
རོལ་དབྱངས་སྒྲིག་བཟོ། རྡོ་རྗེ། བློ་གསལ།
སྒྲ་འཇུག རྡོ་རྗེ།
སྒྲ་འཇུག་ཁང་། WILD YAK Studio
ལེན་མཁན། ཨ་ཁུ་འབྲོག་པ་རོལ་ཚོགས།
~X~
དགུང་སྟོད་མཐོན་པོ་རི་བརྒྱ་ལུང་བརྒྱ་འཁྲིགས་བྱུང་།
སྦྲ་ནག་ཐང་ལ་ཕུབ་བྱུང་།
ཕོ་སྟོང་གཡུ་འབྲུག་འབྲི་བརྒྱ་རྡང་ལ་བཏགས་ཡོད།
གསེར་བཟོ་འོ་མས་ཁེངས་བྱུང་།
ས་ཆ་དགའ་མོ་གཅིག་དང་དགའ་མོ་གཉིས།
ས་ཆ་དགའ་མོ་གླུ་གར་སྤང་གཞོང་རེད།
གླུ་གར་སྤང་གཞོང་གསེར་བྱ་འབབ་ས་རེད།
གསེར་བྱ་ང་ཚོའི་ཕ་ཡུལ་གླུ་གར་ཐང་།
~X~
གངས་སྟོད་མཐོན་པོ་རི་བརྒྱ་རླུང་བརྒྱ་འཁྲིགས་བྱུང་།
སྦྲ་ནག་ཐང་ལ་ཕུག་བྱུང་།
སེང་ལྕམ་དཀར་མོ་འབྲི་བརྒྱ་རྡང་ལ་བཏགས་ཡོད།
གསེར་བཟོ་འོ་མས་ཁེངས་བྱུང་།
ས་ཆ་དགའ་མོ་གཅིག་དང་དགའ་མོ་གཉིས།
ས་ཆ་དགའ་མོ་གླུ་གར་སྤང་གཞོང་རེད་ལ།
གླུ་གར་སྤང་གཞོང་དངུལ་བྱ་འབབ་ས་རེད།
དངུལ་བྱ་ང་ཚོའི་ཕ་ཡུལ་གླུ་གར་ཐང་།
རྟེན་འབྲེལ་འགྲིག་རྟེན་འབྲེལ་འགྲིག
བཀྲ་ལ་ཤིས་པར་ཤོག་གཡང་ལ་ཆགས་པར་ཤོག
~X~
བྲོ་སྟོད་མཐོན་པོ་རི་བརྒྱ་རླུང་བརྒྱ་འཁྲིགས་བྱུང་།
སྦྲ་ནག་ཐང་ལ་ཕུབ་བྱུང་།
བྲོ་བ་ལོ་ཆུང་འབྲི་བརྒྱ་རྡང་ལ་བཏགས་ཡོད།
གསེར་བཟོ་འོ་མས་ཁེངས་བྱུང་།
ས་ཆ་དགའ་མོ་གཅིག་དང་དགའ་མོ་གཉིས།
ས་ཆ་དགའ་མོ་གླུ་གར་སྤང་གཞོང་རེད།
གླུ་གར་སྤང་གཞོང་དུང་བྱ་འབབ་ས་རེད།
དུང་བྱ་ང་ཚོའི་ཕ་ཡུལ་གླུ་གར་ཐང་།
རྟེན་འབྲེལ་འགྲིག་རྟེན་འབྲེལ་འགྲིག
བཀྲ་ལ་ཤིས་པར་ཤོག་གཡང་ལ་ཆགས་པར་ཤོག
རྟེན་འབྲེལ་འགྲིག་རྟེན་འབྲེལ་འགྲིག
བཀྲ་ལ་ཤིས་པར་ཤོག་གཡང་ལ་ཆགས་པར་ཤོག
~X~