作词 : 玛奥
作曲 : 加贝
འཇིག་རྟེན་འཇིག་པའི་ཐང་རེད། ཡ་ལ།
འཁོར་བ་ཐང་གི་རི་རེད།
རི་ཐང་སྒང་གཤོང་མང་བ། ཡ་ལ།
མི་ཚེ་སྨྲེང་བའི་གཞི་རེད།
རི་བོ་མཐོན་པོ་ཞིག་ལ། ཡ་ལ།
རེ་བའི་དར་ཁ་བསྟད་ཡོད།
ཡ། རི་རྩེའི་རྒོད་པོ་ཞིག་ལ། ཡ་ལ།
འཛོམས་པའི་འདུན་མ་བརྒྱབ་ཡོད།
འོ། འཛོམས་པའི་འདུན་མ་བརྒྱབ་ཡོད།
བུ་ཆུང་སྙིང་ལ་རྗེ་བོ།
རྟ་ཁ་འཐེན་ཙམ་གནོངས་དང་།
འོ། བུ་ཆུང་སྙིང་ལ་རྗེ་བོ།
རྟ་ཁ་འཐེན་ཙམ་གནོངས་དང་།
འོ། རྟ་ཁ་འཐེན་ཙམ་གནོངས་དང་།
གནོངས་དང་།
ཚེ་སྔོན་ལས་ཀྱིས་འཐག་ཡོད། ཡ་ལ།
འཐག་ལ་རི་མོ་ཕབ་ཡོད།
རི་མོ་གསལ་དང་མི་གསལ། ཡ་ལ།
སུ་ལ་འདྲི་དགོས་མི་འདུག
མི་ཚེ་སྐྱིད་དང་མི་སྐྱིད། ཡ་ལ།
སེམས་པས་བཀུར་སྟངས་ཞིག་ཡིན།
ཡ། སྣང་བ་མཐུན་དང་མི་མཐུན། ཡ་ལ།
ལག་པས་སྐྱོར་སྟངས་ཤིག་ཡིན།
ཨ། ལག་པས་སྐྱོར་སྟངས་ཤིག་ཡིན།
བུ་ཆུང་སྙིང་ལ་རྗེ་བོ།
ཚིག་གསུམ་མདུད་པ་རྒྱོབས་དང་།
འོ། བུ་ཆུང་སྙིང་ལ་རྗེ་བོ།
ཚིག་གསུམ་མདུད་པ་རྒྱོབས་དང་།
ཨ། ཚིག་གསུམ་མདུད་པ་རྒྱོབས་དང་།
ཕྱི་མིག་ཕྱི་ནས་འཁྱིལ་བ།
ཕྱི་ཡི་ལྕགས་རི་འདྲ་བ།
ནང་སེམས་ནང་ནས་འཁྱིལ་བ།
འོ། ནང་གི་རྩིག་པ་འདྲ་བ།
བུ་ཆུང་སྙིང་ལ་རྗེ་བོ།
ག་ལེར་གདན་ལ་བཞུགས་དང་།
འོ། ག་ལེར་གདན་ལ་བཞུགས་དང་།