作词 : 白玛德庆
作曲 : 白玛德庆
ཐུགས་རྗེ་ཆེ་ཁྱེད་ཀྱི་བརྩེ་དུང
ཚིག་གདངས་ སྔར་པའི་ཕུན་ཚོགས།
དུས་ཡུན་རིང་པོ་ཞིག་ང་གཉིས་ཐུག་མ་བྱུང་།
དུས་ཡུན་རིང་པོ་ཞིག་འབྲེལ་བ་ཡང་བྱེད་རྒྱུ་མ་བྱུང་།
ཁྱེད་ད་ཆ་གང་དུ་ཡོད། ད་ཆ་གང་འདྲ་འདུག
ང་ཁྱེད་རང་རྟག་ཏུ་དྲན་བཞིན་བསམ་བཞིན་ཡོད།
དུས་ཡུན་རིང་པོ་ཞིག་ཁྱེད་ཀྱི་སྐོར་གོ་མ་བྱུང་།
དུས་ཡུན་རིང་པོ་ཞིག་འབྲེལ་བ་བྱེད་ཡུལ་རྙེད་མ་བྱུང་།
ཁྱེད་ད་ཆ་བདེ་མོ་ཡིན་ནམ། འཚོ་བགང་འདྲ་འདུག
ད་དུང་ང་ལ་སེམས་འཛིན་གནང་གིན་ཡོད་དམ།
༣ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་གནང་བའི་ལྷད་མེད་ཀྱི་བརྩེ་དུང་འདི།
ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་གནང་བའི་ཁྱེད་ཀྱི་ཡོད་ཚད།
ཐུགས་རྗེ་ཆེ་ཁྱེད་ཀྱི་བརྩེ་དུང
ཚིག་གདངས་ སྔར་པའི་ཕུན་ཚོགས།
དུས་ཡུན་རིང་པོ་ཞིག་ཁྱེད་ཀྱི་སྐོར་གོ་མ་བྱུང་།
དུས་ཡུན་རིང་པོ་ཞིག་འབྲེལ་བ་བྱེད་ཡུལ་རྙེད་མ་བྱུང་།
ཁྱེད་ད་ཆ་བདེ་མོ་ཡིན་ནམ། འཚོ་བགང་འདྲ་འདུག
ད་དུང་ང་ལ་སེམས་འཛིན་གནང་གིན་ཡོད་དམ།
ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་གནང་བའི་ལྷད་མེད་ཀྱི་བརྩེ་དུང་འདི།
ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་གནང་བའི་ཁྱེད་ཀྱི་ཡོད་ཚད།
ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་གནང་བའི་ཡིད་འོང་གི་ལོ་ཟླ།
ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་གནང་བའི་ཁྱེད་ཀྱི་ཡོད་ཚད།