作词 : 民间
作曲 : 才旺
ཕ་ཡུལ།
家乡
ཚིག ཚེ་དབང་།
作词.才旺
དབྱངས། དམངས་ཁྲོད།
作曲、民间
ལེན་མཁན། བསོད་ནམས་སྐྱབས།
歌手四郎加
མཐོ་མཐོ་གངས་རིའི་རྩེ་མོ།།
རྩེ་མོ་དགུང་ལ་མཉམ་པ།།
རང་ཡུལ་ལུང་པ་ཡིན་སོང་།།
སེམས་ཀྱི་སྨོན་ལམ་ཡིན་སོང་།།
མཛེས་མཛེས་ལྗངས་མདོག་རྩྭ་ཐང་།།
རྩ་ཐང་ཕྱུགས་གིས་ཁྱབ་པ།།
ཕ་ཡུལ་ལུང་པ་ཡིན་སོང་།།
ངག་གི་གླུ་ཆུང་ཡིན་སོང་།།
ཤག་ཤག་དྭངས་གསལ་ཆུ་མིག།
ཆུ་མིག་ཆོས་དབྱིངས་མཆེད་པ།།
བོད་ཡུལ་ལུང་པ་ཡིན་སོང་།།
ལུས་ཀྱི་རི་མོ་ཡིན་སོང་།།
ཨེ་མ་སྐྱིད་པའི་ཕ་ཡུལ།།
ཕ་ཡུལ་མིག་ལ་མཛེས་པ།།
ས་ལའི་ཡང་རྩེ་ཡིན་སོང་།།
དག་པའི་ཞིང་ཁམས་ཡིན་སོང་།།