作词 : 万玛
作曲 : 万玛
编曲 : 万玛
བཀྲ་ཤིས་དགེ་མཚན་ཐོབ་རྟགས་རེད།
མགོ་བོ་ཡར་ལ་བཀྱགས་ཏེ་གནམ་ལ་ལྟོས། །
དགུང་ཨ་སྔོན་དབྱིངས་རིམ་གོང་མ་འདི། །
གྲོགས་ཉི་ཟླ་གཉིས་ཀྱིས་དབང་ལ་བསྒྱུར། །
སྐར་ཁྲི་མ་འབུམ་གྱིས་མཐའ་ནས་བསྐོར། །
དགུང་ཨ་སྔོན་མཐོ་བ་ཀུན་སྨོན་རེད། །
གན་བཀྲ་ཤིས་དགེ་མཚན་ཐོབ་རྟགས་རེད། །
གན་བཀྲ་ཤིས་དགེ་མཚན་ཐོབ་རྟགས་རེད། །
♡♡♡
བློ་བསྒྲིམས་ཏེ་འཛམ་པོའི་གླིང་ལ་ལྟོས། །
དབྱངས་ཟླུམ་པོའི་ས་ཡི་གོ་ལ་འདི། །
མགོན་སྤྲུལ་བའི་མི་ཡིས་དབང་ལ་བསྒྱུར། །
དེང་མི་རིགས་འབུམ་གྱིས་མཐའ་ནས་བསྐོར། །
ལྷོ་འཛམ་གླིང་ཞི་བདེ་དེ་ནས་འབྱུང་། །
གན་བྱང་ཆུབ་གདན་ས་ཐོབ་རྟགས་རེད། །
གན་བྱང་ཆུབ་གདན་ས་ཐོབ་རྟགས་རེད། །
♡♡♡
སེམས་དགའ་བས་གངས་ཅན་བོད་ལ་ལྟོས། །
ཁྱིམ་གནས་ཚང་གཡང་ཁང་གྲུབ་བཞི་འདི། །
དྲིན་ཕ་ལོ་མ་ལོས་དབང་ལ་བསྒྱུར། །
ནང་སྤུན་དང་ན་ཟླས་མཐའ་ནས་བསྐོར། །
ཁྱིམ་གནས་ཚང་བདེ་སྐྱིད་དེ་ལས་གྲུབ། །
གན་བདེ་སྐྱིད་མཚོ་མོ་འཁྱིལ་རྟགས་རེད། །
གན་བདེ་སྐྱིད་མཚོ་མོ་འཁྱིལ་རྟགས་རེད། །