ཁྲུང་ཁྲུང་།
ལོ་ཙ་བ། བློ་བཟང་རྣམ་རྒྱལ།
(མི་གསོན་པོ།)
གཞས་པ། བསོད་ནམས་རྡོ་རྗེ།
ནམ་མཁའི་དབྱིངས།
རུ་ཕྲེང་ལེགས་པོར་སྒྲིག
འབྲི་ཆུ་རིང་། སྟོན་རྩྭ་སེར།
རྩྭ་ཐང་ཐོག་སྐྱོ་ཁྲལ་སྙན་དབྱངས།
ཁྲང་ཁྲང་། ནུབ་ཕྱོགས་སུ།
འཕུར་སོང་འདམ་རྩྭ་འཁྱོམས།
གནམ་མཐའ་མེད། གང་འཕུར་རམ།
སེམས་གཏིང་གི་བྱང་ཕྱོགས་ཕ་ཡུལ།
གནམ་མཐའ་མེད། གང་འཕུར་རམ།
སེམས་གཏིང་གི་བྱང་ཕྱོགས་ཕ་ཡུལ།
ཁྲང་ཁྲང་། ཕྱིར་འཕུར་དུས།
ང་ཡི་དྲན་གདུང་ཁུར་རོགས།
གླུ་སྐད་རིང་། རོལ་སྒྲ་འདར།
རྩྭ་ཐང་ཐོག དཔྱིད་དཔལ་དྲོ།
ཁྲང་ཁྲང་། དགུང་ཨ་སྔོན།
དགུང་སྔོན་ཇི་འདྲ་མཐོ་བར།
ཆང་བཞེས་ཚར། སླར་ལྡུད་པ།
དོ་ནུབ་མི་བཟི་མི་ལོག
ཆང་བཞེས་ཚར། སླར་ལྡུད་པ།
དོ་ནུབ་མི་བཟི་མི་ལོག