作曲 : 卡尔.俄金群措
编曲 : 卡尔.俄金群措
ཐོང་སྨོན་ཉག་ལ་སྡེ་བ།
གཞས་ཚིག སད་མ།
དབྱངས། མཁར་ཨོ་རྒྱན་ཆོས་མཚོ།
ལེན་མཁན། མཁར་ཨོ་རྒྱན་ཆོས་མཚོ།
རབ་དཀར་སྟོད་ཀྱི་གངས་རི་མཛེས་ཤིང་བརྗིད། །
ལྗང་མདོག་ནགས་ཚལ་འདབ་ལོ་བཞད་དེ་འཕྱང་། །
སྙིགས་བྲལ་བརྒྱད་ལྡན་གཙང་པོ་བཞུར་བའི་ས། །
ཕ་ཡུལ་ཉག་ལ་མཐོང་བ་དགའ་བའི་ཡུལ། །
འོ་འོ་འོ། འོ་འོ་འོ།
ཕ་ཡུལ་ཉག་ལ་འཛམ་གླིང་ཡང་རྩེ་ཡིན།
དྭངས་པའི་བཅུད་ལྡན་འོ་མ་ཞིམ་ཞིང་མངར། །
འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ་ཞིང་མང་།
ཐུལ་དཀར་འབྲི་མོའི་བཞོ་དབྱངས་སྙན་ཞིང་འགུག །
ཕ་ཡུལ་ཉག་ལ་ཡིད་འོང་འཕྲོག་པའི་ཡུལ། །
འོ་འོ་འོ། འོ་འོ་འོ།
ཕ་ཡུལ་ཉག་ལ་མེས་པོའི་སྲོལ་འཛིན་ཡིན།
རྒན་པ་ཆོས་ལ་མོས་ཞིང་བློ་སེམས་དཀར། །
སྟག་ཤར་གཞོན་ནུ་ལང་ཚོའི་བརྗིད་ཅིང་མཛེས། །
གཞོན་ནུ་ཕོ་མོའི་བློ་རིག་གྲུང་པའི་ས། །
ཕ་ཡུལ་ཉག་ལ་གངས་ཅན་བོད་ཀྱི་རྒྱན། །
འོ་འོ་འོ། འོ་འོ་འོ།
ཕ་ཡུལ་ཉག་ལ་ང་ཚོའི་འཚོ་རྟེན་ཡིན།