作词 : 尼玛才仁
作曲 : 曲塔
སྤྲིན་དཀར་ལྷང་ལྷང་ཨ་སྔོན་དབྱིངས་སུ་ལྡིང་།
གངས་རི་དཀར་པོ་གངས་ཅན་ལྗོངས་སུ་འགྱིང་།
རྩི་ཤིང་གཡུ་ལོ་རྒྱ་རྫོང་ནགས་སུ་བཀྲ།
དྭངས་གཙང་ཆུ་བོ་གཡུ་ལུང་གཞུང་ནས་འབབ།
སྐྱེ་ཁམས་སྲུང་སྐྱོང་ཡ་རབས་མི་ཆོས་ཡིན།
རང་བྱུང་འབྱུང་ཁམས་ཀུན་གྱི་ཁྱིམ་གཞིས་ཡིན།
འགྲོ་བ་སེམས་ཅན་ཕ་མ་གཅིག་གི་སྤུན།
སྤུ་སྡུག་འདབ་ཆགས་གཤོག་རྩལ་མཁའ་རུ་ངོམ།
གྲ་ཡག་གཅན་གཟན་སྟོབས་རྩལ་ལུས་སུ་རྒྱས།
རྩྭ་གཟན་རི་དྭགས་བག་ཡངས་ཡུལ་དུ་གནས།
ཉ་སྦལ་འབུ་སྲིན་རང་རང་གནས་སུ་སྐྱིད།
སྐྱེ་ཁམས་སྲུང་སྐྱོང་ཡ་རབས་མི་ཆོས་ཡིན།
རང་བྱུང་འབྱུང་ཁམས་ཀུན་གྱི་ཁྱིམ་གཞིས་ཡིན།
འགྲོ་བ་སེམས་ཅན་ཕ་མ་གཅིག་གི་སྤུན།
སྟོད་ཀྱི་འབྲོག་པས་ཕྱུགས་ཟོག་བདེ་བར་སྐྱོང་།
སྨད་ཀྱི་ཡུལ་པས་སོ་ནམ་ལས་ལ་བརྩོན།
རྒྱ་གྲོང་མི་ཡིས་ཁོར་ཡུག་ཐབས་ཀྱིས་སྐྱོང་།
འགྲོ་མིའི་བདེ་སྡུག་སྐྱེ་ཁམས་དབང་དང་མཐུན།
སྐྱེ་ཁམས་སྲུང་སྐྱོང་ཡ་རབས་མི་ཆོས་ཡིན།
རང་བྱུང་འབྱུང་ཁམས་ཀུན་གྱི་ཁྱིམ་གཞིས་ཡིན།
འགྲོ་བ་སེམས་ཅན་ཕ་མ་གཅིག་གི་སྤུན།
སྐྱེ་ཁམས་སྲུང་སྐྱོང་ཡ་རབས་མི་ཆོས་ཡིན།
རང་བྱུང་འབྱུང་ཁམས་ཀུན་གྱི་ཁྱིམ་གཞིས་ཡིན།
འགྲོ་བ་སེམས་ཅན་ཕ་མ་གཅིག་གི་སྤུན།
འགྲོ་བ་སེམས་ཅན་ཕ་མ་གཅིག་གི་སྤུན།