作词 : 拉孜民间
作曲 : 拉孜民间
编曲 : 德青曲珠
ལྷ་གཞོལ་ལ་བྱེ་མའི་དཀྱིལ་ན།
བུ་མོ་ལ་སྣ་མིན་སྣ་ཚོགས།
རྡོག་ལོ་ལ་མོ་བརྒྱབ་མཁན་ལ་ནི།
དཔལ་སྒྲོན་གཅིག་པོ་ལ་ནི་ཡིན་གྲོ།
རྡོག་ལོ་ལ་མོ་བརྒྱབ་མཁན་ལ་ནི།
དཔལ་སྒྲོན་གཅིག་པོ་ལ་ནི་ཡིན་གྲོ།
ཆུ་ལ་ལྷགས་པ་རྒྱབ་ནས།
རི་ལ་མཐའ་ལ་གཏོན་སོང་།
ཡབ་ཡུམ་བཀའ་མོལ་གནང་ནས་ལ་ནི།
བུ་མོ་ཐ་ལ་ནི་སྟེར་སོང་།
ཡབ་ཡུམ་བཀའ་མོལ་གནང་ནས་ལ་ནི།
བུ་མོ་ཐ་ལ་ནི་སྟེར་སོང་།
ནོར་ཁང་ལ་པ་རའི་སྦུག་ན།
འཇོལ་མོས་ལ་འཇོལ་སྐད་རྒྱག་གིས།
འཇོལ་མོའི་འཇོལ་སྐད་མ་རེད་ལ་ནི།
དཔལ་སྒྲོན་འཇོང་བས་འཇོང་སྐད།
འཇོལ་མོའི་འཇོལ་སྐད་མ་རེད།
དཔལ་སྒྲོན་འཇོང་བས་འཇོང་སྐད།
འཇོལ་མོའི་འཇོལ་སྐད་མ་རེད།
དཔལ་སྒྲོན་འཇོང་བས་འཇོང་སྐད།