作词 : 杨毛卓玛
作曲 : 杨毛卓玛
编曲 : 杨毛卓玛
སྐྲ་རིང་རྒྱལ་མོའི་བརྗོད་དོན་གླུ།
扎穰杰姆主题歌
ཚིག་དང་དབྱངས གཡང་མོ་སྒྲོལ་མ།
词曲: 杨毛卓玛
上传念藏仁青
དགུང་སྔོན་གནམ་གྱི་འོག་གི
在苍穹之下
དོག་མོ་ས་ཡི་སྟེང་འདིར།
大地之上
ང་ཡི་བྱམས་ལྡན་ཨ་མ།
我慈祥的阿妈
ཁྱེད་ནི་ང་ཡི་གནམ་ཡིན།
您是我的天
ང་ཡི་རྒྱབ་རི་བརྟན་པོ་བརྟན་པོ་ཁྱེད་ཡིན།
我那坚固 坚固的靠山
དྲིན་ཆེན་མ་ལོ་ཚེ་རིང་ལོ་བརྒྱ།
慈祥的阿妈健康长寿
སྐྱིད་སྡུག་འདྲེས་མའི་འཚོ་བའི་ཀློང་ནས།
在悲喜交加的人生道路上
སེམས་ནས་བཞུར་བའི་རྔུལ་ཁྲག་རེ་རེ།
从心底涌出的每一滴血汗
ཨ་མ་རྗེ་བཙུན་སྒྲོལ་མ།
是度母神女
རྗེ་བཙུན་སྒྲོལ་མས་གནང་བའི་
度母神女恩赐的
ཨ་མས་གནང་བའི་དངོས་གྲུབ་ཡིན།
是阿妈恩赐的福祉
ང་ཡི་སེམས་ཀྱི་མེ་ཏོག
我的心中之花
མི་འགྱུར་རྡོ་རྗེ་མདུད་པ།
永恒不朽的金刚结缘
མི་འགྱུར་དམ་བཅའ་དཀོན་མཆོག་གསུམ་ལ་བཅོལ་ཡོད།
向三宝寄托不变的誓言
སྐྲ་རིང་བུ་མོའི་རེ་སྙེག་བཅོལ་ཡོད།
寄托着扎穰杰姆的期望
དབྱིངས་ན་འཕྱོ་བའི་བ་དན་རིང་མོ།
好似那飘动的飞幡
ལང་ཚོའི་འགྱུར་ཁུག་ཁྲོད་ནས་རྙེད་པའི།
在青春的旋律中寻找的
གངས་ལྷ་མེ་ཏོག་གི་འདབ་མ་རེ་རེ།
岗拉梅朵的每一片花瓣
ཨ་མ་ནོར་སྦྱིན་ལྷ་མོ་
财神仙女
ནོར་སྦྱིན་ལྷ་མོས་གནང་བའི་
财神仙女恩赐的
ལྷ་མོས་གནང་བའི་ནོར་གཡང་ཡིན།
仙女恩赐的福禄
ང་ཡི་གནམ་གྱི་ཕྱེད་ཀ
我的半边天
བརྩེ་བའི་རྣམ་ཐར་རིང་མོ།
爱的长篇传记
གཡང་ཁྱིམ་གྲུ་བཞིའི་བདག་མོ་ཁྱོད་ཡིན།
你是幸福家庭的主妇
སྐྲ་རིང་བུ་མོའི་གཏན་གྲོགས་ཁྱོད་ཡིན།
你是扎穰杰姆永远的朋友
གླིང་ན་འཚེར་བའི་འོད་ཆེན་ཁྱོད་ཡིན།
你是空中闪烁的星光
ང་ཡི་གནམ་གྱི་ཕྱེད་ཀ
我的半边天
བརྩེ་བའི་རྣམ་ཐར་རིང་མོ།
爱的长篇传记
གཡང་ཁྱིམ་གྲུ་བཞིའི་བདག་མོ་ཁྱོད་ཡིན།
你是幸福家庭的主妇
སྐྲ་རིང་བུ་མོའི་གཏན་གྲོགས་ཁྱོད་ཡིན།
你是扎穰杰姆永远的朋友
གླིང་ན་འཚེར་བའི་འོད་ཆེན་ཁྱོད་ཡིན།
你是空中闪烁的星光