作词 : 格日才旦
作曲 : 多热
བསང་ཆུ་ལགས།
桑曲
ཚིགགུ་རུ་ཚེ་བརྟན།
作词:格日才旦
དབྱངས། རྡོ་རེད།
作曲:多热
ལེན་མཁན། འཕྲིན་ལས་དབང་མོ།
歌手:成林文毛
ནུ་ཞོ་ཕངས་མེད་དུ་སྦྱིན་པའི།།
རླབས་འཕྲེང་བར་མེད་དུ་འཕྱུར་བའི།།
ཡན་ལག་རྒྱན་ལྡན་གྱི་ཆུ་བོ།།
བསང་ཆུ་ལགས། ང་ཡི་མ་མ།
བྲག་དམར་གྱི་འགག་འཕྲང་བརྒྱུད་དེ།།
སྔོ་ལྗང་གི་རྩྭ་ཐང་ཉུལ་བའི།།
གངས་ལྗོངས་ཀྱི་ཆུ་ཀླུང་ཆེན་པོ།།
བསང་ཆུ་ལགས། ང་ཡི་མ་མ།
བདུད་རྩའི་ཆུ་རྒྱུན་རིང་མོ།།
ཀུན་ལ་ཕན་བདེ་སྩོལ་མཁན།།
གངས་དཀར་གྱི་སྙིང་བཅུད་འདུས་པའི།།
བསང་ཆུ་ལགས། ང་ཡི་མ་མ།