作词 : 甘孜洛桑
作曲 : 孙川
ང་ཡིས་ཆུང་འདྲིས།
ཚིགདཀར་མཛེས་བློ་བཟང་།
དབྱངས། སྲུང་ཁྲོམ།
ལེན་མཁན།དཀར་མཛེས་བློ་བཟང་།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
འོ་ཧོ་ཧོ་ཧོ།
ཆུང་འདྲིས་ལགས།
གང་ན་ཡོད་དྲན་གིན་འདུག
ཉིན་མཚན་གཉིས་ལ་དྲན་གིན་འདུག
ང་ཡི་ཆུང་འདྲིས་ལགས།
བུ་ཆུང་ང་ཡི་མི་ཚེ་འདིའི་ནང་།
དགའ་བོ་བྱུང།
སྡུག་པོ་བྱུང་།
སྐྱིད་པོ་ཡ་བྱུང་།
ཡིན་ཡང་ངའི་སེམས་ནང་ལ།
ཁྱོད་རང་བརྗེད་ཐབས་མེད།
ཆུང་འདྲིས་ལགས།
གང་ན་ཡོད་དྲན་གིན་འདུག།
དྲན་ནས་ལོ་ཟླ་མང་པོ་རེད།།
ང་ཡི་ཆུང་འདྲིས་ལགས།
བུ་ཆུང་ང་ཡི་བརྩེ་གདུང་བཅངས་ས་དེ།
ཁྱོད་རང་ཡིན།
དགའ་ན་ཡང་།
སྡུག་ན་ཡ་ཡང་།
སྐྱིད་སྡུག་འཁོར་བའི་ཐང་ནས།
ཁྱོད་རང་བརྗེད་ཐབས་མེད།
ཆུང་འདྲིས་ལགས།
གང་ན་ཡོད་དྲན་གིན་འདུག
བརྩེ་བ་ཁ་ཙམ་མ་ཡིན།།
ང་ཡི་ཆུང་འདྲིས་ལགས།
དུང་བ་འདི་ཁྲ་ཁྲ་མ་ཡིན།
སེམས་གཏིང་ནས།
ཁྱོད་ལ་དགའ།
འགྱུར་བ་ཡང་མེད།
ང་ཡི་མི་ཚེ་འདི་ཡི་ནང་དུ།
ཁྱོད་རང་བརྗེད་ཐབས་མེད།