作词 : ངག་བློས། ཆོས་འཕེལ།
作曲 : བསྟན་པ།
༼བཀྲ་ཤིས་ཁང་བཟང་།༽
ཚིག ངག་བློས། ཆོས་འཕེལ།
གདངས། བསྟན་པ།
གཞས་པ། ཆོས་འཕེལ།
༠༡ གངས་ལྗོངས་སྐྱིད་པའི་ཡུལ་ལ། །
གནམ་ལོ་གསར་ཚེས་ཤར་བྱུང་། །
བཀྲ་ཤིས་ཁང་བཟང་འདི་ལ། །
མཉམ་འཛོམས་དགའ་སྤྲོས་ཁེངས་ཞག །
དེ་རིང་ཚེས་བཟང་དུས་བཟང་། །
སྐལ་པ་བཟང་པོའི་ལོ་གསར། །
རྟེན་འབྲེལ་གྲོ་སོ་ཕྱེ་མར། །
ལྷན་རྒྱས་ཕྱོགས་ལ་བཀྱགས་ཡོད། །
བཀྲ་ཤིས་ཁང་བཟང་ནང་ལ། །
སྙན་པའི་གླུ་ཡི་་སྨོན་ཚིག །
གངས་ལྗོངས་བརྩེ་བའི་མ་ཡུམ། །
སྐུ་ཚེ་བརྟན་པའི་སྨོན་ལམ། །
༠༢ སྐྱིད་པའི་བཀྲ་ཤིས་ཁང་གསར། །
འགྱུར་མེད་ཀ་བ་བརྟན་པ། །
རབ་གསལ་གསེར་གྱི་པ་ཊས། །
བཞུགས་གྲལ་འོད་ཀྱིས་ཁེངས་སོང་། །
གཡས་གྲལ་མཐུན་པ་སྤུན་བཞི། །
གཡོན་གྲལ་བཀྲ་ཤིས་རྟགས་བརྒྱད། །
ཇ་ཆང་འདོད་རྒུ་འཛོམས་པའི། །
བཀྲ་ཤིས་འདོད་ཡོན་ལྔ་ལྡན། །
ཁང་བཟང་འདི་ལ་བཞུགས་པའི། །
ཡ་རབས་བཟང་པོའི་མི་རྒྱུད། །
གཏན་དུ་བདེ་སྐྱིད་ཡོང་བའི། །
བཀྲ་ཤིས་སྨོན་ལམ་ཞུས་ཡོད།།།།
歌词大意:雪域欢腾
元旦就到了
这间扎西康桑
聚会开得很愉快
今天是好日子
好时光
贺州牙粉
各位抬着
在扎西康桑家
好听的歌的祝词
雪域爱的母亲
祝您长寿
幸福新居
不变柱稳定
绕赛金币
席上灯火辉煌
右翼和睦四兄弟
左列八吉祥图花天酒地,
吉祥五欲住在这幢漂亮的房子里
高尚的品质。永远幸福,祈求吉祥
歌词翻译由那若提供
歌曲从微信订阅号:群培央念摘