作词 : 天杵
作曲 : 天杵
编曲 : 天杵
ཚིག གདངས། གནམ་ལྕགས་རོལ་ཚོགས།
录音、混音:雅尔甘(小王)
ངས་ཁྱེད་ཚོར་སེམས་པའི་གཏིང་གི་སྐད་ཆ་གཅིག་བཤད་ཆོག
གློག་བརྙན་ལྟ་བུའི་མི་ཚེ་དེ་ལ་སྙིང་པོ་ག་རེ་ཡོད།
གདོང་སྒང་ལ་གྱོན་པའི་གདོང་ལྤགས་དེ་ཕུད་དང་།
འདོད་ཆགས་དང་ཞེ་སྡང་གི་ལྕགས་ཐག་དེ་དཀྲོལ་དང་།
ཆང་དང་སྦི་རག་གིས་སྙིང་རུས་རྣམས་འཚོས་སོང་།
གཡོ་དང་འདོད་ཆགས་ཀྱིས་བློ་སྟོབས་ནི་ཉམས་སོང་།
ཁ་ནས་འདོན་པ་རྫུན་གཏམ་ནི་མང་བ། སེམས་ལ་བཅངས་པ་གཡོ་སྒྱུ་ལས་མེད་པ།
ང་ཚོ་སྡོད་སའི་གྲོང་ཁྱེར་དེ་ཡི་གློག་འོད་གསལ་ཡང་།
སེམས་གཏིང་གི་ཕུགས་བསམ་ལམ་དེ་མུན་པས་སྒྲིབ་སོང་།
རྒྱ་ལམ་སྟེང་གི་མི་ཚོགས་ནི་དེ་བས་མང་ཡང་།
མི་སེམས་བར་ཐག་དེ་ནི་དེ་བས་རིང་བ།
ཆང་དང་སྦི་རག་གིས་སྙིང་རུས་རྣམས་འཚོས་སོང་།
གཡོ་དང་འདོད་ཆགས་ཀྱིས་བློ་སྟོབས་ནི་ཉམས་སོང་།
ཁ་ནས་འདོན་པ་རྫུན་གཏམ་ནི་མང་བ། སེམས་ལ་བཅངས་པ་གཡོ་སྒྱུ་ལས་མེད་པ།
སེམས་ཤུགས་མ་ཆག ང་ཚོའི་མགོ་བོ་ཡར་ཁྱོག་ཤོག
སེམས་ཤུགས་མ་ཆག ང་ཚོའི་ལག་པ་ཡར་ཁྱོག་ཤོག