རིག་གསུམ་བྲག་གི་འོག་ནས།
རང་སྡུག་ཨ་མ་དྲན་བྱུང་།
རིག་གསུམ་བྲག་གི་འོག་ནས།
རང་སྡུག་ཨ་མ་དྲན་བྱུང་།
གྲིབ་བསིལ་བྲག་ལ་བལྟ་ནས།
ཨ་མའི་གསུང་སྐད་ཐོས་བྱུང།
གྲིབ་བསིལ་བྲག་ལ་བལྟ་ནས།
ཨ་མའི་གསུང་སྐད་ཐོས་བྱུང།
ཨ་མ་ཁྱེད་རང་དྲན་དུས།
ཐུགས་ཀྱི་བརྩེ་བ་དྲན་བྱུང་།
ཨ་མ་ཁྱེད་རང་དྲན་དུས།
ཐུགས་ཀྱི་བརྩེ་བ་དྲན་བྱུང་།
ཨ་མ་དྲན་དང་མི་དྲན།
མཆི་མས་གཡས་སྐོར་བརྒྱབ་བྱུང།
ཨ་མ་དྲན་དང་མི་དྲན།
མཆི་མས་གཡས་སྐོར་བརྒྱབ་བྱུང།
བསོ་ཡ་རི་ལོ། ཡ་རི་ལོ། ཡ་རི་ལོ།
ཉི་མ་ལ་ལ་ཕེབས་སོང།
མིག་ནང་མཆི་མ་མཁོར་བྱུང་།
ཉི་མ་ལ་ལ་ཕེབས་སོང།
མིག་ནང་མཆི་མ་མཁོར་བྱུང་།
བུ་ང་ཐང་དཀར་རྒོད་པོ།
ཐང་སྨད་མཐའ་ལ་ལུས་སོང་།
བུ་ང་ཐང་དཀར་རྒོད་པོ།
ཐང་སྨད་མཐའ་ལ་ལུས་སོང་།
ཨ་མ་ཁྱེད་ཀྱི་ཞལ་རས།
ཚེ་འདིར་མཇལ་ཁ་ཁག་སོང་།
ཨ་མ་ཁྱེད་ཀྱི་ཞལ་རས།
ཚེ་འདིར་མཇལ་ཁ་ཁག་སོང་།
ཕྱི་མ་བྱང་ཆུབ་ལམ་ལ།
འཇལ་བའི་སྨོན་ལམ་རྒྱབ་ཡོད།
ཕྱི་མ་བྱང་ཆུབ་ལམ་ལ།
འཇལ་བའི་སྨོན་ལམ་རྒྱབ་ཡོད།
བསོ་ཡ་རི་ལོ། ཡ་རི་ལོ། ཡ་རི་ལོ།